ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་པའི་རྒྱལ་ཁབ་དག་གི་ལངས་ཕྱོགས་གསལ་བོ་དང་འགྱུར་ལྡོག་མེད་པ་ཞིག་ཡིན་དགོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཟླ་དང་པོའི་ཚེས་སུམ་ཅུའི་ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་གྲོས་མཐུན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་གི་དཔྱད་ཞིབ་ཐོབ་ཡོད་པས། ཡང་བསྐྱར་གྲོས་མོལ་གཏན་ནས་བྱེད་མི་རུང་ལ། ཟབ་ཞུགས་མཁན་གྱི་ལངས་ཕྱོགས་གསལ་བོ་དང་འགྱུར་ལྡོག་མེད་པ་ཞིག་ཡིན་དགོས་ཟེར། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་དེའི་སྔོན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལ་འབྲེལ་བའི་གྲོས་མོལ་གསར་བ་གང་ཡིན་ཡང་ཧ་ཅང་གཟབ་ནན་ཡིན་དགོས་པ་དང་། སོ་ཏི་ཨ་རབ་རྒྱལ་ཁབ་ཟབ་ཞུགས་བྱེད་དུ་འཇུག་དགོས་ཟེར། གཏམ་བཤད་དེར་དམིགས་ནས། ཧཱ་ཐིས་པུའུ་ཀྲ་ཏི་ཡིས་དབྱི་ལིང་ཕྱི་འབྲེལ་པུའུ་ཡི་དྲ་ཚིགས་ལས་གསལ་སྒྲོག་སྤེལ་ཏེ། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནི་ཕྱོགས་མང་བོའི་རྒྱལ་སྤྱིའི་གྲོས་མཐུན་ཞིག་ཡིན་པ་དང་། གྲོས་མཐུན་དེར་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་གི་དཔྱད་ཞིབ་ཐོབ་ཡོད་པས། ཡང་བསྐྱར་གྲོས་མོལ་གཏན་ནས་བྱེད་མི་རུང་ལ། ཟབ་ཞུགས་མཁན་གྱི་ལངས་ཕྱོགས་གསལ་བོ་དང་འགྱུར་ལྡོག་མེད་པ་ཞིག་ཡིན་དགོས་ཟེར།

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ད་རུང་བཤད་རྒྱུར། གལ་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་སླར་གསོ་དང་མྱུར་སྐྱོབ་བྱེད་པའི་རེ་འདུན་གང་རུང་ཡོད་ན། གནད་དོན་དེ་ཐག་གཅོད་བྱེད་པར་ལྷག་ཏུ་ལས་སླ་མོ་ཡིན། ཨ་མེ་རི་ཁ་ཡང་བསྐྱར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་ཞུགས་དགོས་པ་དང་། སྐབས་སྔོན་མའི་ཨ་མེ་རི་ཁའི་སྲིད་གཞུང་གིས་དབྱི་ལིང་ལ་དམིགས་ཏེ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་སྣ་ཚོགས་རྩིས་མེད་དུ་གཏོང་དགོས་ཟེར། 

ཧཱ་ཐིས་པུའུ་ཀྲ་ཏི་ཡིས་བསྟན་དོན། ནུབ་ཕྱོགས་རྒྱལ་ཁབ་དག་གིས་མཚོ་ཁུགས་ས་ཁུལ་གྱི་རྒྱལ་ཁབ་དག་ལ་མཚོན་ཆ་མང་བོ་ཕྱིར་འཚོང་བྱེད་པ་ནི་ས་ཁུལ་གྱི་གནས་བབ་གཏན་འཇགས་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་རེད། གལ་ཏེ་གནས་ཚུལ་དེར་མུ་མཐུད་དུ་ལེགས་བཅོས་མ་ཐོབ་ན། ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་མངོན་འགྱུར་བྱེད་ཐབས་མེད་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།