ཀྲུང་གོ་བོད་ཀྱི་དྲ་བ།

མོང་གོལ་རྒྱལ་ཁབ་ཀྱི་སྐབས་གསར་བའི་སྲིད་གཞུང་གིས་དམ་བཅའ་བཞག་སྟེ་ལས་འགན་ཁུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨོ་ཡུན་ཨི་ཨར་ཏིན་གྱིས་ཙུང་ལིའི་འགན་ཁུར་བའི་མོང་གོལ་རྒྱལ་ཁབ་ཀྱི་སྐབས་གསར་བའི་སྲིད་གཞུང་གིས་ཟླ་དང་པོའི་ཚེས་ཉེར་དགུའི་ཉིན་དམ་བཅའ་བཞག་སྟེ་ལས་འགན་ཁུར། 

ཙུང་ལི་ལས་གཞན་མོང་གོལ་རྒྱལ་ཁབ་ཀྱི་སྐབས་གསར་བའི་སྲིད་གཞུང་གི་ཁོངས་མིར་ཙུང་ལི་གཞོན་པ་གཅིག་དང་། དྲུང་ཡིག་ཆེན་མོ་གཅིག པུའུ་ཀྲང་བཅུ་བཞི་བཅས་འདུས། ཨ་མཱ་ཨར་སེ་ཧན་གྱིས་ཙུང་ལི་གཞོན་པའི་འགན་ཁུར་ཡོད། ཨོ་ཡུན་ཨི་ཨར་ཏིན་དང་བཅས་པའི་སྐབས་སྔོན་མའི་སྲིད་གཞུང་གི་དཔོན་པོ་དགུ་ལྷགགིས་སྲིད་གཞུང་གསར་བའི་ཁྲོད་ལས་འགན་ཁུར་ཡོད། 

ཨོ་ཡུན་ཨི་ཨར་ཏིན་གྱིས་དམ་བཅའ་བཞག་སྟེ་ལས་འགན་ཁུར་བའི་མཛད་སྒོའི་སྟེང་བཤད་རྒྱུར། སྲིད་གཞུང་གསར་བས་སྐབས་སྔོན་མའི་སྲིད་གཞུང་གི་སྒྲོམ་གཞི་སོར་འཇོག་བྱས་པ་དང་། སྲིད་ཇུས་ཀྱི་རྒྱུན་མཐུད་རང་བཞིན་དང་གཏན་འཇགས་རང་བཞིན་ལ་བསམ་བློ་གང་ཡག་བཏང་ཡོད་ཟེར། ཁོས་སྲིད་གཞུང་གསར་བའི་བྱ་བའི་དམིགས་འབེན་གཙོ་བོ་བཞི་བཏོན་ཡོད་དེ། པྲོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་གང་ལེགས་བྱེད་པ་དང་། གནོད་པ་ཆེན་པོ་ཐེབས་པའི་དཔལ་འབྱོར་མྱུར་མོར་སླར་གསོ་བྱེད་པ། འབྱོར་འབྲིང་གྲལ་རིམ་ལ་རྒྱབ་སྐྱོར་དང་དེ་གསོ་སྤེལ་བྱེད་པ་དང་དབུལ་སྐྱོར་བྱ་བའི་ཤུགས་ཚད་ཇེ་དྲག་ཏུ་བཏང་སྟེ། རྒྱལ་ཁབ་དང་མི་དམངས་དག་མྱུར་མོར་དབུལ་ཐར་ཕྱུག་འགྱུར་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པར་ཤུགས་སྣོན་བྱས་ནས་འདྲ་མཉམ་དྲང་བདེན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་བཅས་འདུས། 

ཁོས་བཤད་རྒྱུར། སྲིད་གཞུང་གསར་བས་མོང་གོལ་གྱི་དུས་ཡུན་རིང་བོའི་འཕེལ་རྒྱས་འཐབ་ཇུས་ཁྲོད་ཀྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པར་འབད་འབུངས་བྱེད་པ་དང་། ཧུར་ཐག་སྒོས་མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོར་འདེགས་བྱེད་པ། མཁར་གྲོང་གི་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱེད་པར་མཐོང་ཆེན་བྱས་ཏེ། རྒྱལ་ས་ཝུའུ་ལན་པཱ་ཐའོ་གྲོང་ཁྱེར་གྱི་མི་གྲངས་འདུས་ཚད་མང་དྲགས་པའི་སྣང་ཚུལ་ཞི་འཇགས་སུ་གཏོང་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།