ཀྲུང་གོ་བོད་ཀྱི་དྲ་བ།

པུར་ཀ་རི་ཡའི་ཙུང་ཐུང་གཞོན་པར་པྲོག་གསར་གློ་ཚད་ནད་དུག་གི་བརྟག་དཔྱད་མཇུག་འབྲས་གདགས་གཤིས་མངོན་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་པུར་ཀ་རི་ཡའི་ཙུང་ཐུང་གཞོན་པ་ཡུའེ་ཐུའོ་ཝ་ལ་པྲོག་གསར་གློ་ཚད་ནད་དུག་གི་བརྟག་དཔྱད་མཇུག་འབྲས་གདགས་གཤིས་མངོན་ཡོད། 

པུར་ཀ་རི་ཡའི་ཙུང་ཐུང་གསར་འགྱུར་ཁྲུའུ་ཡིས་ཚེས27ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཡུའེ་ཐུའོ་ཝ་ཡི་ལུས་ཕུང་ཅུང་བདེ་ཐང་ཡིན་པ་དང་། པུར་ཀ་རི་ཡའི་ཙུང་ཐུང་ལཱ་ཏི་ཧྥུའུ་ཡིས་ཀྱང་པྲོག་གསར་གློ་ཚད་ནད་དུག་གི་བརྟག་དཔྱད་དང་ལེན་བྱས་ཤིང་། བརྟག་དཔྱད་མཇུག་འབྲས་སྲིབས་གཤིས་རེད།

པུར་ཀ་རི་ཡའི་གཞུང་ཕྱོགས་ཀྱིས་བསྒྲགས་པའི་གཞི་གྲངས་ལས་མངོན་པ་ལྟར་ན། ཚེས27ཉིན་གྱི་དུས་ཚོད་ཐིག་ལེ་བར་རྒྱལ་ཁྱབ་དེར་རིམ་རྩིས་བྱས་ན་པྲོག་གསར་གློ་ཚད་རིམས་ནད་ཐག་བཅད་པའི་ནད་པ216416ཡོད་པ་དང་། རིམ་རྩིས་བྱས་ན་ཚེ་ལས་འདས་པའི་ནད་པ8916ཡོད་པ་རེད། མིག་སྔར་པུར་ཀ་རི་ཡ་རུ་མི29122ལ་པྲོག་གསར་གློ་ཚད་ཀྱི་འགོག་ཁབ་རྒྱབ་པ་རེད།

2020ལོའི་ཟླ10བའི་ཚེས25ཉིན་པུར་ཀ་རི་ཡའི་ཙུང་ཐུང་པའོ་ལི་སའོ་ཧྥུ་ཡིས་སྨྱན་བྱད་སྟེང་ཁོ་ལ་པྲོག་གསར་གློ་ཚད་ཀྱི་ནད་དུག་འགོས་ཡོད་པ་ཁྱབ་བསྒྲགས་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།