ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་རྒྱལ་སྲིད་ལས་ཁུངས་ཀྱིས་མོ་རོ་ཁོ་དང་འབྲེལ་བ་རྒྱུན་རྣམ་ཅན་དུ་གཏོང་བའི་གྲོས་མཐུན་སྟེང་ཆོག་མཆན་བཀོད་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་སི་རལ་གྱི་ཙུང་ལི་གཞུང་ལས་ཁང་གིས་ཚེས24ཉིན་གསལ་བསྒྲགས་སྤེལ་དོན། དབྱི་སི་རལ་རྒྱལ་སྲིད་ལས་ཁུངས་ཀྱིས་མོ་རོ་ཁོ་དང་འབྲེལ་བ་རྒྱུན་རྣམ་ཅན་དུ་གཏོང་བའི་གྲོས་མཐུན་སྟེང་ཆོག་མཆན་བཀོད།

གསལ་བསྒྲགས་ནང་བཤད་རྒྱུར། གྲོས་མཐུན་འདི་ནི་རྒྱལ་སྲིད་ལས་ཁུངས་ཀྱིས་གཅིག་མཐུན་སྒོས་གྲོས་མཐུན་བྱུང་བ་ཡིན་ལ། དབྱི་སི་རལ་གྱི་འབྲེལ་ཡོད་བཅའ་ཁྲིམས་ལྟར་ན། གྲོས་མཐུན་འདི་ནི་ཉེ་སྔོན་ཚོགས་ཐོག་ནས་གྲོས་ཐག་བཅད་པ་ཡིན་ལ་ད་དུང་རྒྱལ་སྲིད་ལས་ཁུངས་ཀྱིས་ཆེས་མཐའ་མའི་ཆོག་མཆན་འགོད་དགོས་ཟེར།

ཨ་རི་སྲིད་གཞུང་གིས2020ལོའི་ཟླ12པའི་ཚེས10ཉིན་མོ་རོ་ཁོ་དང་དབྱི་སི་རལ་གཉིས་ཀྱིས་ཕྱོགས་ཡོངས་ནས་ཕྱི་འབྲེལ་འབྲེལ་བ་འཛུགས་འཆར་ཡོད་པ་ཁྱབ་བསྒྲགས་བྱས།

ཨ་རིས་མཚམས་སྦྱོར་འོག་དབྱི་སི་རལ་གྱིས་སྔ་རྗེས་སུ་ཨ་རབ་ཚོ་ཁག་གི་མཉམ་འབྲེལ་རྒྱལ་ཁབ་དང་པ་ལིན་བར་འབྲེལ་བ་རྒྱུན་རྣམ་ཅན་གྱི་གྲོས་མཐུན་སྟེང་མིང་རྟགས་བཀོད་པ་མ་ཟད་སུའུ་ཏན་དང་འབྲེལ་བ་རྒྱུན་རྣམ་ཅན་དུ་གཏོང་བར་འཐད་པ་བྱུང་། ཡིན་ནའང་འབྲེལ་ཡོད་གྲོས་མཐུན་ལ་ཕ་ལེ་སི་ཐན་ཕྱོགས་ཀྱིས་ངོ་རྒོལ་བྱས། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།