ཀྲུང་གོ་བོད་ཀྱི་དྲ་བ།

ནེ་ཀྲི་རི་ཡཱ་ནས་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ་མི་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེ་ཀྲི་རི་ཡཱའི་ཟུར་གསུམ་གླིང་མངའ་སྡེ་ནས་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་སྣུམ་འདྲུད་རླངས་འཁོར་ཞིག་འགས་གཏོར་བྱུང་སྟེ། མི་བཞི་རྐྱེན་ལམ་དུ་ཤོར་བ་དང་མི་བཅུ་གཅིག་ལ་རྨས་ཕོག་ཟེར། 

ནེ་ཀྲི་རི་ཡཱའི་ཟུར་གསུམ་གླིང་མངའ་སྡེས་ཚེས་ཉེར་གསུམ་ཉིན་སྤེལ་བའི་སྤྱི་སྒྲོག་ལྟར་ན། སྣུམ་འདྲུད་རླངས་འཁོར་ཞིག་ཚེས་ཉེར་གཉིས་ཉིན་གྱི་དགོང་མོར་མངའ་སྡེ་དེའི་ཨ་པའོ་ཨར་ས་ཁུལ་གྱི་སྣུམ་སྣོན་ས་ཚིགས་ཤིག་ནས་གློ་བུར་དུ་འགས་གཏོར་བྱུང་སྟེ། བུད་མེད་གཅིག་དང་བྱིས་པ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཅིག་ལ་ཚད་མི་འདྲ་བའི་རྨས་ཕོག་ཡོད་ལ། བསྲེག་རྨས་ཐེབས་པའི་རྒྱ་ཁྱོན་བརྒྱ་ཆའི་བརྒྱད་ཅུ་ནས་བརྒྱད་ཆའི་དགུ་བཅུར་སླེབས་ཡོད། འགས་གཏོར་དོན་རྐྱེན་དེ་ལས་ད་རུང་ཉེ་འཁོར་གྱི་ཁང་བ་དང་རླངས་འཁོར་མང་བོར་གཏོར་བརླག་བཟོས་ཡོད་ཟེར། 

མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།