ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་གཉིས་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་དགུ་དང་ ས་ཡ་དྲུག་འབུམ་གཉིས་ཁྲི་དྲུག་སྟོང་བདུན་བཞི་བརྒྱ་དོན་གསུམ་ལ་བསླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉེར་གཉིས་ཉིན་གྱི་ཕྱི་དྲོའི་དུས་ཚོད་བདུན་དང་སྐར་མ་བཅུ་གཅིག་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་དྲུག་དང་ཁྲི་གཉིས་སྟོང་བཞི་སུམ་བརྒྱ་ང་གསུམ་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་བྱེ་བ་དགུ་དང་ས་ཡ་དྲུག་འབུམ་གཉིས་ཁྲི་དྲུག་སྟོང་བདུན་བཞི་བརྒྱ་དོན་གསུམ་ལ་བསླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་ཁྲི་གཅིག་དང་སྟོང་དྲུག་དོན་དགུ་ཇེ་མང་དུ་སོང་ནས། བསྡོམས་པས་ས་ཡ་གཉིས་དང་ཁྲི་བརྒྱད་སྟོང་གཉིས་བདུན་བརྒྱ་དང་ཞེ་ལྔ་ལ་བསླེབས་ཡོད།