ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་ཀྱིས་ཁཱ་ཐར་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2021-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར་ན། ཨེ་ཅིབ་ཕྱི་འབྲེལ་པུའུ་ཡིས་ཚེས་ཉི་ཤུའི་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་ཁཱ་ཐར་གྱིས་ཉིན་དེར་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

གསལ་སྒྲོག་ལས་རྒྱལ་ཁབ་གཉིས་ཀྱིས་ཉིན་དེར་དངོས་གཞིའི་ཡིག་ཆ་བརྗེ་སྤོར་བྱས་ཏེ། ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 

བྱ་སྤྱོད་དེ་ནི་སྐབས་ཞེ་གཅིག་པའི་མཚོ་ཁུགས་ཨ་རབ་རྒྱལ་ཁབ་མཉམ་ལས་ཨུ་ཡོན་ལྷན་ཁང་གི་མགོ་གཙོའི་གྲོས་ཚོགས་ཀྱིས་ཟླ་འདིའི་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ཀྱི་ནུབ་ཕྱོགས་གྲོང་ཁྱེར་ཨིག་ལཱ་ནས་བཀོད་པའི་ཨིག་ལཱའི་བསྒྲགས་གཏམ་གཞིར་བཟུང་ནས་སྤེལ་བ་རེད། ཨིག་ལཱའི་བསྒྲགས་གཏམ་ལས་ཨེ་ཅིབ་དང་སོ་ཏི་ཨ་རབ། པཱ་ལིན། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་བཅས་ཀྱིས་ཁཱ་ཐར་བར་གྱི་ཕྱི་ཕྱོགས་འབྲེལ་བ་སླར་གསོ་བྱས་པ་མཚོན་ཡོད། 

ཟླ་འདིའི་ཚེས་བཅུ་གཉིས་ཉིན། ཨེ་ཅིབ་ཀྱིས་དངོས་སུ་ཁཱ་ཐར་གྱི་དམངས་སྤྱོད་མཁའ་འགྲུལ་ལ་བར་སྣང་སྒོ་འབྱེད་བྱས་པ་དང་། དེ་ལས་ཨེ་ཅིབ་ཀྱིས་དུས་ཡུན་ལོ་གསུམ་ལྷག་གི་ཁཱ་ཐར་བར་གྱི་གནམ་གྲུ་གཏོང་མཚམས་བཞག་པའི་བཀག་རྒྱ་མཇུག་སྒྲིལ་བ་མཚོན་ཡོད། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།