ཀྲུང་གོ་བོད་ཀྱི་དྲ་བ།

ཨ་རིའི་རྒྱལ་ཚོགས་ཐོག་ཁང་གི་ཉེ་འཁོར་རུ་མེ་སྐྱོན་བྱུང་བས་གནས་སྐབས་སུ་སྒོ་བརྒྱབ་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1126997046_16109996113061n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་རིའི་རྒྱལ་ཚོགས་ཐོག་ཁང་གི་ཉེ་འཁོར་རུ་མེ་སྐྱོན་བྱུང་བས་ཨ་རིའི་གྲོས་ཁང་གོང་མ་དང་འོག་མ་གཉིས་ཀྱིས་ཚེས18ཉིན་གནས་སྐབས་སུ་སྒོ་བརྒྱབ་པ་རེད། ཨ་རིའི་གསང་མྱུལ་རུ་ཁག་གིས་ཐེངས་འདིའི་དོན་རྐྱེན་ལས་མི་སེར་ལ་འཇིགས་སྐུལ་ཐེབས་མེད་ཅེས་བཤད།

ཨ་རིའི་སྨྱན་བྱད་ཀྱིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས18ཉིན་གྱི་སྔ་དྲོར“ཕྱི་ཕྱོགས་ཀྱི་བདེ་འཇགས་འཇིགས་སྐུལ”ཐེབས་པ་ལས་ཨ་རིའི་རྒྱལ་ཚོགས་ཀྱི་ཉེན་རྟོག་ཕྱོགས་ཀྱིས་རྒྱལ་ཚོགས་ཐོག་ཁང་གི་སྒོ་རྒྱབ་ཏེ། ཐོག་ཁང་ནང་གི་མི་རྣམས་སྒོ་ཕྱིར་ཡོང་མི་ཆོག་པ་མ་ཟད། ཐོག་ཁང་ནུབ་ཕྱོགས་སུ་ཙུང་ཐུང་གི་ལས་འགན་འཁུར་བའི་མཛད་སྒོར་ལྟ་གོན་བྱེད་བཞིན་པའི་མི་ཚང་མ་ཡུལ་དངོས་ནས་ཁ་བྲལ་དུ་བཅུག

ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། རྒྱལ་ཚོགས་ཐོག་ཁང་དང་བར་ཐག་སྤྱི་ལེ1.6ཡོད་པའི་བདག་མེད་སྒར་ས་ཞིག་ཏུ་མེ་སྐྱོན་བྱུང་ཡང་དེ་མ་ཐག་མེ་བསད་ཐུབ་པ་བྱུང་། རྒྱལ་ཚོགས་ཀྱི་ཉེན་རྟོག་པས་རྒྱལ་ཚོགས་ཐོག་ཁང་གི་ཕྱི་ནང་གང་དུའང་མེ་སྐྱོན་བྱུང་མེད་ལ། བཀག་སྡོམ་བྱས་པ་ནི་བདེ་འཇགས་ཀྱི་ཆེད་དུ་ཡིན་ཞེས་བཤད།

ཙུང་ཐུང་གི་ལས་འགན་འཁུར་བའི་མཛད་སྒོར་འགན་འཁུར་བའི་གསང་མྱུལ་རུ་ཁག་གིས་བསྟན་དོན། ཐེངས་འདིའི་དོན་རྐྱེན་གྱིས་མི་སེར་ལ་འཇིགས་སྐུལ་ཐེབས་མེད་ཅེས་བཤད།

ཨ་རིའི་གདམས་ཐོན་བྱུང་བའི་ཙུང་ཐུང་པའེ་ཏིན་གྱིས་ལས་འགན་འཁུར་བའི་མཛད་སྒོ་ཚེས20ཉིན་སྤེལ་རྒྱུ་ཡིན་མོད། ཟླ1པོའི་ཚེས6ཉིན་ཟིང་ཆ་སློང་བའི་དོན་རྐྱེན་བྱུང་རྗེས་ཨ་རིའི་རྒྱལ་ས་ཝ་ཧྲིན་ཏོན་དམིགས་བསལ་ཁུལ་དུ་དོགས་ཟོན་བྱེད་ཤུགས་ཇེ་ཆེར་སོང་ཡོད་ལ། རྒྱལ་ཚོགས་ཐོག་ཁང་གི་མཐའ་འཁོར་རུ་ལྕགས་ར་སྐོར་བ་དང་གྲོང་ཁྱེར་གྱི་འགྲོ་ལམ་མང་པོར་བཀག་སྡོམ་བྱས་པ་མ་ཟད། ཟུར་ལྔ་ཐོག་ཁང་གིས་རྒྱལ་དམངས་ཉེན་རྟོག་རུ་ཁག་གི་རུ་མི་ཁྲི2.5ལྷག་ལས་འགན་འཁུར་བའི་མཛད་སྒོའི་བདེ་འཇགས་བྱ་བར་ཤུགས་སྣོན་རྒྱབ་པ་རེད། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།