ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཙེ་ཨོ་ཕི་ཡཱའི་བྱང་ཕྱོགས་ས་ཁུལ་དུ་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ་མི་བདུན་རྐྱེན་ལམ་དུ་ཤོར།

    སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཙེ་ཨོ་ཕི་ཡཱའི་བྱང་ཕྱོགས་ཀྱི་ཨ་མུའུ་ཧཱ་ལཱ་ཀྲིག་ནས་ཚེས་བཅུ་བདུན་ཉིན་འགྲིམ་འགྲུལ་དོན་རྐྱེན་ཞིག་བྱུང་སྟེ། མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། མི་བཅུ་གཉིས་ལ་རྨས་ཕོག་ཟེར། 

ཨེ་ཙེ་ཨོ་ཕི་ཡཱའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར་མི་བཅུ་དགུ་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་བ་ཞིག་ལ་ཨ་མུའུ་ཧཱ་ལཱ་ཀྲིག་གི་ཀི་ཅཱ་མུའུ་ཤར་མ་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ། མི་མང་བོར་ཤི་རྨས་ཐེབས་པ་རེད། རླངས་འཁོར་སྟེང་གི་འགྲུལ་བ་དག་གཉེན་སྟོན་ཞིག་ལ་འགྲོ་བཞིན་ཡོད་པ་དང་། རྨས་མའི་ཁྲོད་དུ་མག་གསར་ཡང་ཡོད་ཟེར། 

མིག་སྔར་རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱས་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་དེའི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 

གཞུང་ལམ་མི་བདེ་བ་དང་ཁ་ལོ་བས་སྒྲིག་འགལ་གྱིས་ཁ་ལོ་བྱས་པ། ཁ་ལོ་བའི་འཛིན་ཡིག་ལེན་པའི་ལས་རིམ་ཚད་ལྡན་མིན་པ་སོགས་རྒྱུ་རྐྱེན་དབང་གིས་ཨེ་ཙེ་ཨོ་ཕི་ཡཱ་རུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་པར་འབྱུང་བཞིན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།