ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཡང་བསྐྱར་ཨ་ཧྥེ་རི་ཁ་དབུས་མའི་པན་ཅཱ་སུའུ་གྲོང་ཁྱེར་ཚོད་འཛིན་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་ཧྥེ་རི་ཁ་དབུས་མ་སྤྱི་མཐུན་རྒྱལ་ཁབ་ཀྱི་རིམ་མང་ཕྱོགས་བསྡུས་གཏན་འཇགས་ཚོགས་པས་ཚེས་བཅུ་དྲུག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཟླ་འདིའི་ཟླ་མགོར་དྲག་ཆས་རྩ་འཛུགས་ཀྱིས་བཙན་བཟུང་བྱས་པའི་ཨ་ཧྥེ་རི་ཁ་དབུས་མའི་ཤར་ལྷོའི་ཕྱོགས་ཀྱི་པན་ཅཱ་སུའུ་གྲོང་ཁྱེར་ཡང་བསྐྱར་ཚོད་འཛིན་བྱས་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ཞི་བདེ་སྲུང་སྐྱོབ་དམག་དཔུང་གིས་ཉེ་སྔོན་པན་ཅཱ་སུའུ་རུ་དམག་དཔུང་ཁ་སྣོན་བྱས་པ་དང་། ཚེས་བཅོ་ལྔ་ཉིན་མཁར་ནང་གི་དྲག་ཆས་རྩ་འཛུགས་ལ་ཆེས་མཇུག་མཐའི་བརྡ་བཏང་བས། དྲག་ཆས་རྩ་འཛུགས་དག་ཉིན་དེར་མཚན་བརྒྱབ་ནས་མཁར་གྱི་ཕྱི་རོལ་དུ་མི་འགྲོ་ཐབས་མེད་བྱུང་། ཨ་ཧྥེ་རི་ཁ་དབུས་མའི་གཏན་འཇགས་ཚོགས་པས་དེའི་རྗེས་སུ་ས་དེའི་སྲིད་གཞུང་ལས་ཁུངས་དང་བཅའ་སྡོད་དམག་དཔུང་ལ་རོགས་འདེགས་བྱས་ཏེ་རྒྱུན་ལྡན་བྱ་བ་སླར་གསོ་བྱེད་རྒྱུ་མ་ཟད། མུ་མཐུད་དུ་མཁར་ནང་དུ་ལོག་པའི་སྡོད་དམངས་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་རེད་ཟེར། 

ཟླ་འདིའི་ཚེས་གསུམ་ཉིན། དྲག་ཆས་རྩ་འཛུགས་ཀྱིས་པན་ཅཱ་སུའུ་ལ་དཔུང་འཇུག་བྱས་ཏེ། སྲིད་གཞུང་དམག་དཔུང་དང་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་དམག་མི་དག་ཨ་ཧྥེ་རི་ཁ་དབུས་མའི་གཏན་འཇགས་ཚོགས་པའི་རྟེན་གཞིར་ཕྱིར་འཐེན་མི་བྱེད་ཐབས་མེད་བྱུང་། སྡོད་དམངས་མི་ཉུང་བ་ཞིག་མཁར་གྱི་ཕྱི་རོལ་དུ་བྲོས་བྱོལ་བྱས་པ་དང་། མི་ལ་ལ་རྒྱལ་མཚམས་བརྒལ་ནས་ཁོང་གོ་ཅིན་དུ་ཉེན་ཡོལ་བྱེད་དུ་སོང་ཡོད་པ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།