ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་ཨ་ཧྥུའུ་ཧན་དང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་སོ་སོར་སྟོང་གཉིས་དང་ལྔ་བརྒྱར་ཇེ་ཉུང་དུ་བཏང་བའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཚབ་མ་མུས་ལེ་ཡིས་ཚེས་བཅོ་ལྔ་ཉིན་བསྟན་དོན། ཙུང་ཐུང་ཐི་ལིང་ཕུའུ་ཡི་རེ་བ་ལྟར་དུ། ཨ་ཧྥུའུ་ཧན་དང་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་སོ་སོར་སྟོང་གཉིས་དང་ལྔ་བརྒྱ་ཙམ་ལ་ཇེ་ཉུང་དུ་བཏང་ཡོད་ཟེར། 

མུས་ལེ་ཡིས་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མིག་སྔར་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་བྱུང་བའི་ཚུན་གྱི་ཆེས་དམའ་བའི་ཆུ་ཚད་དུ་བསླེབས་ཡོད། རྒྱལ་སྲུང་པུའུ་ཡིས་མུ་མཐུད་དུ་ཨ་ཧྥུའུ་ཧན་དུ་སྡོད་པའི་ཨ་མེ་རི་ཁའི་དམག་མི་དག་ད་ལོའི་ཟླ་ལྔ་བའི་སྔོན་ལ་ཡོད་ཚད་ཕྱིར་འཐེན་བྱེད་རྒྱུའི་འཆར་གཞི་ཡོད་ཀྱང་། མ་འོངས་པའི་དམག་དཔུང་ཕྱིར་འཐེན་གྱི་འཆར་གཞིའི་ལག་བསྟར་དེ་བྱེ་བྲག་གི་གནས་ཚུལ་ལ་གཞིགས་ནས་ཐག་གཅོད་བྱེད་རྒྱུ་ཡིན་ཟེར། 

མུས་ལེ་ཡིས་གསལ་སྒྲོག་གཞན་ཞིག་ལས་དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་ཀྱང་མི་སྟོང་གཉིས་དང་ལྔ་བརྒྱ་ཙམ་ལ་ཇེ་ཉུང་དུ་བཏང་ཡོད་ཟེར། ཁོས་བཤད་རྒྱུར། ཨ་མེ་རི་ཁའི་དམག་མིའི་ཁ་གྲངས་ཇེ་ཉུང་དུ་བཏང་བ་ལས་དབྱི་རག་བདེ་འཇགས་དམག་དཔུང་གིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་ནུས་པ་མཐོར་འདེགས་བྱུང་ཡོད་པ་མཚོན་ཡོད་པ་ལས། ཨ་མེ་རི་ཁའི་སྲིད་ཇུས་ལ་འགྱུར་ལྡོག་བྱུང་བའི་མཚོན་རྟགས་མིན། ཨ་མེ་རི་ཁ་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བའི་རྒྱལ་སྤྱིའི་མནའ་འབྲེལ་དམག་དཔུང་མུ་མཐུད་དུ་དབྱི་རག་ནས་བསྡད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཡོངས་སུ་ཕམ་ཉེས་སུ་འགྲོ་བར་འགན་སྲུང་བྱེད་རྒྱུ་ཡིན་ཟེར། 

ཨ་མེ་རི་ཁས་ཉིས་སྟོང་གསུམ་ལོར་དབྱི་རག་གི་འཐབ་འཁྲུག་བསླངས་པ་དང་། ཉིས་སྟོང་བཅུ་གཅིག་ལོའི་ལོ་མཇུག་ཏུ་དབྱི་རག་ནས་དམག་དཔུང་ཕྱིར་འཐེན་བྱས་ནས་བཅའ་སྡོད་དམག་མི་ཉུང་ཤས་ཤིག་ལས་བསྐྱུར་མེད། ཉིས་སྟོང་བཅུ་བཞིའི་ལོར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་དབྱི་རག་ནུབ་ཕྱོགས་དང་བྱང་ཕྱོགས་ཀྱི་ས་ཁོངས་མང་བོ་འཕྲོག་ལེན་བྱས་པས། ཨ་མེ་རི་ཁས་དེའི་རྗེས་སུ་དབྱི་རག་ཏུ་དམག་མི་ཁ་སྣོན་བྱས་ཀྱང་། ཨ་མེ་རི་ཁའི་དམག་དཔུང་གི་དབང་ཚད་ནི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་ཆམ་ཕབ་གཏོང་བ་དང་དབྱི་རག་སྲིད་གཞུང་གི་དམག་དཔུང་ལ་རྒྱབ་སྐྱོར་དང་གསོ་སྦྱོང་བྱེད་རྒྱུ་ཙམ་ཡིན་པ་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།