ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་སྲིད་འཛིན་ཏང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱིས་ཏང་གི་འཐུས་མིའི་ཚོགས་ཆེན་བསྡུས་ཏེ་ཏང་གི་ཀྲུའུ་ཞི་གསར་བར་འདེམ་བསྐོ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་སྲིད་འཛིན་ཏང་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱིས་ཏང་གིས་ཚེས་བཅོ་ལྔ་ཉིན་ནས་བཟུང་ཚོགས་ཡུན་ཉིན་གཉིས་ཀྱི་ཏང་གི་འཐུས་མིའི་ཚོགས་ཆེན་སྤེལ་མགོ་བརྩམས་པ་དང་། གྲོས་ཚོགས་ནས་ཏང་གི་ཀྲུའུ་ཞི་གསར་བ་འདེམ་བསྐོ་བྱེད་རྒྱུ་རེད། 

ཐེངས་འདིའི་གྲོས་ཚོགས་དེ་སྐུད་ཐོག་ནས་སྤེལ་རྒྱུ་ཡིན་པ་དང་། གྲོས་ཚོགས་ཀྱི་གྲོས་རིམ་གཙོ་བོ་ཞིག་ནི་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་ཏང་གི་ཀྲུའུ་ཞི་འདེམ་བསྐོ་བྱེད་རྒྱུ་དེ་ཡིན་ཞིང་། འདེམ་སྒུག་པ་གཙོ་བོར་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་མནའ་འབྲེལ་ཏང་གི་སྔོན་ཆད་ཀྱི་ཀྲུའུ་ཞི་མའོ་ཚི་དང་། ལའེ་དབྱིན་བྱང་མ་དང་ཝེ་སི་ཐི་ལོན་ཧྥ་ལོན་ཀྲིག་གི་ཀྲིག་ཀྲང་ལཱ་ཧྲི་ཐི། རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་ཕྱི་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ལེ་ཐི་ཀིན་བཅས་འདུས། 

ད་ལྟའི་དུས་རིམ་དུ་ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་ནི་འཇར་མན་གྱི་ཏང་ཁག་ཆེན་པོ་དང་པོ་ཡིན་པ་དང་། ཏང་ཁག་དེའི་ཀྲུའུ་ཞི་ཡིན་ན་འཇར་མན་གྱི་མ་འོངས་པའི་ཙུང་ལིར་འགྱུར་བའི་གོ་སྐབས་ཧ་ཅང་ཆེ་བ་ཡིན། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚོགས་ཐོག་ནས་གཏམ་བཤད་སྤེལ་ཏེ། དེ་ནི་མོ་རང་ཙུང་ལི་ཡིན་པའི་ཆ་ནས་ཆེས་མཇུག་མཐར་ཏང་གི་འཐུས་མིའི་ཚོགས་ཆེན་ལ་ཞུགས་པ་ཡིན། ཙུང་ལིའི་འགན་ཁུར་བའི་སྐབས་སུ་འཛམ་གླིང་གི་མགྱོགས་མྱུར་འགྱུར་ལྡོག་མིག་གིས་མཐོང་ཡོད་པ་དང་། ཕྱིན་ཆད་འཛམ་གླིང་གི་འཕེལ་རྒྱས་འགྱུར་ལྡོག་ལྷག་ཏུ་མགྱོགས་ངེས་རེད་ཟེར། མའོ་ཁི་ཨར་གྱིས་བསྟན་དོན། འདས་པའི་ལོ་གཅིག་ནང་། འཇར་མན་ལ་པྲོག་གསར་གློ་ཚད་རིམས་ནད་ཀྱི་འགྲན་རྩོད་ཐེབས་ཡོད། འཇར་མན་རྒྱལ་ཁབ་འགྲན་རྩོད་གང་རུང་ལ་འཕྲད་ཀྱང་། ཡེ་ཤུའི་ཆོས་ལུགས་དམངས་གཙོ་མནའ་འབྲེལ་གྱིས་རྒྱལ་ཁབ་ཀྱི་ཆེད་དུ་ལས་འགན་ཡོད་ཚད་ཁུར་དུ་ལེན་པར་གྲ་སྒྲིག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།