ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་ཀྱིས་ཕྱོགས་གསུམ་གྱི་བྱ་བའི་ཚན་ཆུང་བཙུགས་ནས་ནཱ་ཁཱ་ས་ཁུལ་གྱི་བསྐྱར་འཛུགས་ལ་རོགས་འདེགས་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁི་ལི་མུའུ་ལིན་ཕོ་བྲང་གི་དྲ་ཚིགས་ཀྱིས་ཚེས་བཅུ་གཅིག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་སེ་པེད་ཅང་གི་ཙུང་ཐུང་ཨ་ལེ་ཡེ་ཧྥུའུ། ཨེ་མེ་ནི་ཡཱའི་ཙུང་ལི་ཕཱ་ཞི་ནེ་དབྱང་བཅས་ཀྱིས་ཉིན་དེར་མའོ་སི་ཁོ་ནས་གྲོས་མོལ་བྱས་པ་དང་། མཉམ་འབྲེལ་གསལ་སྒྲོག་སྤེལ་ཏེ། ཕྱོགས་གསུམ་གྱི་བྱ་བའི་ཚན་ཆུང་བཙུགས་ནས་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་བསྐྱར་འཛུགས་ཐད་རོགས་འདེགས་བྱེད་པར་རྒྱབ་སྐྱོར་བྱས། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་ཕུའུ་ཅིན་གྱིས་བཏོན་པའི་རྒྱལ་ཁབ་གསུམ་གྱི་ཙུང་ལི་གཞོན་པས་མཉམ་དུ་མགོ་ཁྲིད་པའི་ཕྱོགས་གསུམ་གྱི་བྱ་བའི་ཚན་ཆུང་འཛུགས་པའི་གྲོས་གཞིར་རྒྱབ་སྐྱོར་བྱས་པ་དང་། བྱ་བའི་ཚན་ཆུང་གིས་ནཱ་ཁཱ་ས་ཁུལ་གྱི་དཔལ་འབྱོར་ཉོ་ཚོང་དང་སྐྱེལ་འདྲེན་སླར་གསོ་བྱེད་པའི་གནད་དོན་གྱི་འགན་ཁུར་རྒྱུ་རེད། 

རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པས་གྲོས་མོལ་བྱེད་སྐབས་ད་རུང་ཉིས་སྟོང་ཉི་ཤུ་ལོའི་ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་བཀོད་པའི་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ལག་བསྟར་གནས་ཚུལ་དང་ས་དེའི་སྡོད་དམངས་ལ་རོགས་རམ་བྱེད་པ། དཔལ་འབྱོར་ཉོ་ཚོང་དང་སྐྱེལ་འདྲེན་འཕེལ་རྒྱས་སུ་གཏོང་བ། ནཱ་ཁཱ་ས་ཁུལ་དུ་གནས་པའི་གནད་དོན་གཞན་པ་བཅས་ལ་གྲོས་བསྡུར་བྱས། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།