ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱི་ཡིས་ཁོང་ཀོ་རྒྱལ་ཁབ་གླིང་ཆེན་ཨ་ཧྥེ་རི་ཁའི“རྒྱུད་གཅིག་ལམ་གཅིག”མཉམ་ལས་རོགས་ཟླ་ཨང45བ་གྱུར་བར་དགའ་བསུ་ཞུས།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་འགྲོ་ཚེ་བརྟན་གྱིས་བསྒྱུར།   སྤེལ་དུས། : 2021-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཁེན་ཧྲ་ས་ནས་སྤེལ་བའི་གནས་ཚུལ་ལྟར་ན། ས་དེའི་དུས་ཚོད་ཟླ1པའི་ཚེས6ཉིན་རྒྱལ་སྲིད་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཝང་དབྱི་ཡིས་ཁེན་ཧྲ་ས་ནས་ཁོང་ཀོ་རྒྱལ་ཁབ་ཀྱི་རྒྱལ་སྲིད་པུའུ་ཀྲང་ངམ་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཐུང་པཱ་དང་གྲོས་མོས་བྱས། གྲོས་མོལ་མཇུག་རྫོགས་རྗེས་ཕྱོགས་གཉིས་ཀྱིས་སྲིད་གཞུང་ཕན་ཚུན་བར་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བརྗེད་ཐོ་སྟེང་མིང་རྟགས་བཀོད།

ཝང་དབྱི་ཡིས་བསྟན་དོན། “རྒྱུད་གཅིག་ལམ་གཅིག”ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་གྲོས་གཞི་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཕན་ཚུན་བར་དཔལ་འབྱོར་ཁ་གསབ་དང་འཕེལ་རྒྱས་ཀྱི་ཐབས་ཇུས། འཕེལ་རྒྱས་མཉམ་འདྲེས། ཐུན་མོང་ཐོག་འཕེལ་རྒྱས་དང་དར་རྒྱས་ཡོང་བར་སྐུལ་འདེད་བཅས་ཀྱི་ནུས་པ་ཐོན་ཡོད། མིག་སྔར། ཀྲུང་གོས་ཨ་ཧྥེ་རི་ཁའི་རྒྱལ་ཁབ44ལ“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ཡིག་ཆའི་སྟེང་མིང་རྟགས་བཀོད་ཡོད་ལ། ཁོང་ཀོ་རྒྱལ་ཁབ་གླིང་ཆེན་ཨ་ཧྥེ་རི་ཁའི་མཉམ་ལས་རོགས་ཟླ་ཨང45རུ་གྱུར་བར་དགའ་བསུ་ཞུས། ཕྱོགས་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་ལས་ཡིག་ཆའི་སྟེང་མིང་རྟགས་བཀོད་པ་དེས་ཕྱི་ཕྱོགས་ལ་ཀྲུང་གོ་དང་ཁོང་ཀོ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་འཕེལ་རྒྱས་དང་ཐུན་མོང་ཐོག་དར་རྒྱས་གཏོང་བའི་བརྡ་རྟགས་བཏང་བ་དང་། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ལས་རིགས་བར་སྔར་ལས་ལྷག་པར་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཁབ་ཕན་ཚུན་བར་གྱི་གཉིས་ཕན་མཉམ་ལས་ལ་སྒུལ་ཤུགས་བསྣོན་རྒྱུ་དང་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བའི་ཐད་མདུན་ལྗོངས་རྒྱ་ཆེན་བསྐྲུན་ཐུབ། །

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།