ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་བཞི་ཁྲི་བདུན་སྟོང་ལྔ་དང་ང་གསུམ་ལ་བསླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2021-01-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་བཞི་ཁྲི་བདུན་སྟོང་ལྔ་དང་ང་གསུམ་ལ་བསླེབས། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཟླ་བཅུ་གཉིས་པའི་ཚེས་སོ་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་བཅུ་གཅིག་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་དྲུག་དང་ཁྲི་དགུ་སྟོང་གཉིས་དང་བཅོ་བརྒྱད་ཇེ་མང་དུ་སོང་སྟེ། བསྡོམས་པས་བྱེ་བ་བརྒྱད་དང་ས་ཡ་གཅིག་འབུམ་བཞི་ཁྲི་བདུན་སྟོང་ལྔ་དང་ང་གསུམ་ལ་བསླེབས་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་གསུམ་དགུ་བརྒྱ་ཞེ་གཅིག་ཇེ་མང་དུ་སོང་ནས་བསྡོམས་པས་ས་ཡ་གཅིག་དང་འབུམ་བདུན་ཁྲི་དགུ་སྟོང་བརྒྱད་དང་ལྔ་བཅུར་བསླེབས་ཡོད་པ་རེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།