ཀྲུང་གོ་བོད་ཀྱི་དྲ་བ།

ནོར་ཝེ་རྒྱལ་སའི་ཉེ་འགྲམ་དུ་རི་ཉིལ་ནས་མི་བཅོ་ལྔ་གར་སོང་ཆ་མེད་དུ་གྱུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནོར་ཝེ་ཡི་རྒྱལ་ས་ཨོ་ཟི་ལུའུ་ཉེ་འགྲམ་གྱི་ཨ་ཟི་ཁི་གྲོང་རྡལ་དུ་ཚེས་སུམ་ཅུ་ཉིན་གྱི་ཞོགས་པར་རི་ཉིལ་དོན་རྐྱེན་བྱུང་ནས། ཉུང་མཐར་ཡང་མི་དགུ་རྨས་པ་དང་མི་བཅོ་ལྔ་གར་སོང་ཆ་མེད་དུ་གྱུར།

ནོར་ཝེ་རྒྱང་བསྒྲགས་ཀུང་ཟིའི་བསྒྲགས་པ་གཞིར་བཟུང་ན། ཨ་ཟི་ཁི་གྲོང་རྡལ་དེ་རྒྱལ་ས་ཨོ་ཟི་ལུའུ་ཤར་བྱང་མཚམས་ཀྱི་སྤྱི་ལེ་ཞེ་ལྔའི་སར་ཡོད་ཅིང་། གྲོང་རྡལ་དེར་ཧ་ལམ་སྡོད་དམངས་སྟོང་ལྔ་ཡོད། ས་གནས་ཉེན་རྟོག་པ་དང་སྨན་ཁང་ལ་ཉིན་དེའི་ཞོགས་པའི་དུས་ཚོད་བཞི་ཡས་མས་ཙམ་ལ་འབྲེལ་ཡོད་ས་གཤིས་གནོད་ཐེབས་སྙན་ཞུ་འབྱོར་བ་དང་། རི་ཉིལ་བའི་དབང་གིས་ཁང་པ་མང་པོར་གཏོར་བརླག་ཐེབས་པ་དང་ཉུང་མཐར་ཡང་མི་དགུ་རྨས། མི་བཅོ་ལྔ་གར་སོང་ཆ་མེད་དུ་གྱུར། མིག་སྔའི་བར་མི་སྣ་ཤི་བའི་གནས་ཚུལ་བྱུང་མེད། མིག་སྔར་གནོད་ཐེབས་ཀྱི་གནས་ཚུལ་ཞིབ་ཕྲ་གསལ་བོ་མིན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།