ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་ས་ཁུལ་མང་པོའི་རིམས་འགོག་གནས་ཚུལ་ཛ་དྲག་གི་གནས་སུ་སླེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱིན་ཇི་སྲིད་གཞུང་གིས་ཚེས་སུམ་ཅུ་ཉིན་བསྒྲགས་དོན། དབྱིན་ཀི་ལན་དབུས་རྒྱུད་ཀྱི་མིས་ཏི་ལན་ཚི་ས་ཁུལ་དང་བྱང་ཤར་རྒྱུད། ནུབ་བྱང་རྒྱུད་བཅས་ཀྱི་ས་གནས་ཁ་ཤས་དང་ལྷོ་ནུབ་པུའུ་ཡི་ས་གནས་ཁ་ཤས་ཀྱི་རིམས་འགོག་ཚོད་འཛིན་རིམ་པ་ཚེས་སོ་གཅིག་ཉིན་ཆེས་མཐོ་རླབས་ཀྱི་རིམ་པ་བཞི་པར་སླེབས།

མཚམས་སྦྱོར་བྱས་པ་ལྟར་ན། མིག་སྔའི་ཆར་གཤིས་འགྱུར་པྲོག་དབྱིབས་ནད་དུག་དབྱིན་ཀི་ལན་གྱི་ས་ཁུལ་མང་པོར་མཆེད་ཚུལ་སྔར་ལས་རྒོད་ཅིང་། དབྱིན་ཇི་སྲིད་གཞུང་གིས་རིམས་འགོག་གནས་སྟངས་གསར་ཤོས་ལ་དབྱེ་ཞིབ་བྱས་པ་བརྒྱུད་དེ། ཚེས་སོ་གཅིག་ཉིན་གོང་གསལ་ས་ཁུལ་གྱི་རིམས་འགོག་ཚོད་འཛིན་གནས་སྟངས་རིམ་པ་བཞི་པར་འཕར་བ་ཐག་བཅད་པ་དང་། ས་གནས་གཞན་དག་གི་རིམས་འགོག་གནས་སྟངས་ཆེས་ཉུང་ནའང་རིམ་པ་གསུམ་པར་སླེབས་ཡོད།

དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡའེ་ཧན་ཞོན་གྱིས་ཚེས་སུམ་ཅུ་ཉིན་བསྡུས་པའི་རིམས་ནད་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། གཤིས་འགྱུར་པྲོག་དབྱིབས་ནད་དུག་མཆེད་པའི་མྱུར་ཚད་ཧ་ཅང་མགྱོགས་པས། ཅིས་ཀྱང་དེ་བསྟུན་གྱི་བྱེད་ཐབས་ནུས་ལྡན་སྤྱོད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།