ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇིའི་རིམས་ནད་ཆེད་མཁས་པས་དབྱིན་ཇིས་སྔར་ལས་གཟབ་ནན་ཡིན་པའི་རིམས་འགོག་བྱེད་ཐབས་གཏན་ཁེལ་བྱས་ཏེ་རིམས་ནད་རྒྱ་ཡན་དུ་འགྲོ་བ་སྔོན་འགོག་བྱེད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱིན་ཇིའི་མིང་དུ་གྲགས་པའི་རིམས་ནད་ཆེད་མཁས་པ། སྲིད་གཞུང་གི་བློ་འདྲི་ས་ཨན་ཏི་ལུའུ་ཧེ་ཝོ་ཏི་ཡིས་ས་དེའི་དུས་ཚོད་ཚེས་ཉེར་དགུ་ཉིན་ཐ་ཚིག་བསྒྲགས་ནས།    དབྱིན་ཇི་སྲིད་གཞུང་གིས་སྔར་ལས་གཟབ་ནན་ཡིན་པའི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཐད་ཀྱི་གཏན་ཁེལ་ལག་བསྟར་བྱས་ཏེ་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དུག་གསར་པ་ཞིག་གིས་ཡང་བསྐྱར་སྐོར་གསར་པའི་ནད་པ་དང་འདས་པོའི་གྲངས་ཀ་ཇེ་མང་དུ་གཏོང་བར་སྔོན་འགོག་བྱེད་དགོས།

བསྒྲགས་པ་ལྟར་ན། དབྱིན་ཇིས་ཚེས་ཉེར་བརྒྱད་ཉིན་སྙན་ཞུ་སྤེལ་ཏེ་འདས་པའི་དུས་ཚོད་ཉེར་བཞིའི་རིང་ལ་གསར་དུ་ངོས་བཟུང་བའི་ནད་པ་ཁྲི་བཞི་དང་སྟོང་གཅིག་སུམ་བརྒྱ་གྱ་ལྔ་འཕར་སྣོན་བྱུང་།

ཧེ་ཝོ་ཏི་ཡིས་བཤད་རྒྱུར།  ང་ཚོ་རིམས་ནད་ཚབས་ཆེན་འདིའི་ཉེན་ཁ་ཧ་ཅང་ཆེ་བའི་དུས་སྐབས་སུ་བསྐྱོད་བཞིན་ཡོད་པས།  ང་ཚོར་རྒྱལ་སྤྱིའི་རང་བཞིན་གྱི་བྱེད་ཐབས་ཤིག་མཁོ་བ་དང་།  སང་ལོའི་ཟླ་དང་པོ་དང་ཟླ་གཉིས་པར་གོད་ཆག་ཅིག་བྱུང་བར་སྔོན་འགོག་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།