ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉེར་བཞིའི་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བདུན་དང་ས་ཡ་བདུན་འབུམ་ལྔ་ཁྲི་གསུམ་བདུན་བརྒྱ་དང་གོ་དགུར་བསླེབས་ཡོད།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གཞི་གྲངས་གསར་བ་ལས་མངོན་པ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོའི་དུས་ཚོད་དྲུག་དང་སྐར་མ་དགུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་འབུམ་དྲུག་དང་ཁྲི་དྲུག་སྟོང་གཉིས་བརྒྱད་བརྒྱ་ཉེར་ལྔ་ཇེ་མང་དུ་སོང་ནས། བྱེ་བ་བདུན་དང་ས་ཡ་བདུན་འབུམ་ལྔ་ཁྲི་གསུམ་བདུན་བརྒྱ་དང་གོ་དགུར་བསླེབས་ཡོད་པ་དང་། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་ཁྲི་གཅིག་དང་སྟོང་གསུམ་རེ་གཅིག་ཇེ་མང་དུ་སོང་ནས། ས་ཡ་གཅིག་དང་འབུམ་བདུན་ཁྲི་གཉིས་སྟོང་བཞི་དགུ་བརྒྱ་དང་བཞིར་བསླེབས་ཡོད། །
རྩོམ་སྒྲིག་པ། བདེ་ལེགས་མཚོ།
འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བདུན་དང་ས་ཡ་བདུན་འབུམ་ལྔ་ཁྲི་གསུམ་བདུན་བརྒྱ་དང་གོ་དགུར་བསླེབས་ཡོད།