ཀྲུང་གོ་བོད་ཀྱི་དྲ་བ།

ལི་པུ་ཡཱའི་ཆབ་སྲིད་གྲོས་མོལ་གླེང་སྟེགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་བྱ་བ་སྤེལ་མགོ་བརྩམས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་ཀྱི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་དོན། ལི་པུ་ཡཱའི་ཆབ་སྲིད་གྲོས་མོལ་གླེང་སྟེགས་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་དངོས་སུ་བྱ་བ་སྤེལ་མགོ་བརྩམས་པ་དང་། དམིགས་ཡུལ་ནི་ལི་པུ་ཡཱའི་སྐོར་ཐེངས་གསར་བའི་འདེམ་བསྐོའི་ཐད་དགོས་ངེས་ཀྱི་བཀོད་སྒྲིག་བྱེད་ཆེད་རེད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལི་པུ་ཡཱའི་རོགས་སྐྱོར་ཆེད་མངག་ཚོགས་པས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་ལི་པུ་ཡཱའི་གནད་དོན་གྱི་དམིགས་བསལ་འཐུས་མི་ཚབ་མ་ཝེ་ལེན་མུའུ་སི་ཡིས་བརྙན་རིས་གྲོས་ཚོགས་བརྒྱུད་དེ་ཨུ་ཡོན་ལྷན་ཁང་དེས་བྱ་བ་སྤེལ་མགོ་བརྩམས་པ་ཁྱབ་སྒྲོག་བྱས། གསལ་སྒྲོག་ལས་བཤད་རྒྱུར། ཨུ་ཡོན་ལྷན་ཁང་དེ་ལི་པུ་ཡཱའི་ཆབ་སྲིད་གྲོས་མོལ་གླེང་སྟེགས་ཀྱི་ཁོངས་མི་བཅོ་བརྒྱད་ཀྱིས་གྲུབ་ཡོད་པ་དང་། རྩ་ཁྲིམས་ཀྱི་བཀོད་སྒྲིག་གནད་དོན་ལ་གྲོས་གཞི་བཏོན་ནས་སྐོར་ཐེངས་གསར་བའི་འདེམ་བསྐོ་བྱ་བར་དགོས་ངེས་ཀྱི་བཀོད་སྒྲིག་བྱེད་རྒྱུ་ཡིན་ཟེར། 

ཝེ་ལེན་མུའུ་སི་ཡིས་ད་རུང་བསྟན་དོན། ལི་པུ་ཡཱའི་མི་རིགས་མཐུན་སྒྲིལ་སྲིད་གཞུང་གིས་སྐོར་ཐེངས་གསར་བའི་འདེམ་བསྐོའི་ཐད་མེ་སྒོར་བྱེ་བ་གསུམ་དང་ས་ཡ་བདུན་ཙམ་གཏོང་རྒྱུ་ཡིན་ཟེར། 

ལི་པུ་ཡཱའི་འཁྲུག་རྩོད་ཕྱོགས་ཁག་གཉིས་ཀྱིས་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན་ཐུ་ནི་ཞི་ཡཱ་ནས་སྤེལ་བའི་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྟེང་། ཉིས་སྟོང་ཉེར་གཅིག་ལོའི་ཟླ་བཅུ་གཉིས་པའི་ཚེས་ཉེར་བཞིའི་ཉིན་ལི་པུ་ཡཱའི་ཙུང་ཐུང་དང་གྲོས་ཁང་གི་འདེམ་བསྐོའི་བྱ་འགུལ་སྤེལ་བར་གཅིག་གྱུར་ཡིད་འཐད་བྱུང་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།