ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་སྲིད་གཞུང་གིས་སི་རི་ཡའི་ཀྲུང་དབྱང་དངུལ་ཁང་འདུས་པའི་ཚོགས་པ་དང་སི་རི་ཡའི་མི་འགའ་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་སྲིད་གཞུང་གིས་ཚེས་ཉེར་གཉིས་ཁྱབ་སྒྲོག་བྱས་དོན། སི་རི་ཡའི་ཀྲུང་དབྱང་དངུལ་ཁང་འདུས་པའི་ཚོགས་པ་དང་སི་རི་ཡའི་མི་འགའ་ལ་བཀག་སྡོམ་བྱེད་ཐབས་སྤྱོད་རྒྱུ་ཡིན་ཟེར།

ཨ་རིའི་ནོར་སྲིད་པུའུ་ཡིས་ཉིན་དེར་གསལ་སྒྲོག་སྤེལ་དོན། སི་རི་ཡའི་ཀྲུང་དབྱང་དངུལ་ཁང་དང་། ཚོང་ལས་ཚོགས་པ་དགུ། མི་བདུན་བཅས་བཀག་སྡོམ་མིང་ཐོའི་ཁྲོད་དུ་བཞག་ཡོད་པ་དང་། དེའི་ཁྲོད་དུ་སི་རི་ཡའི་ཙུང་ཐུང་ལྕམ་མོ་ཨ་སི་མཱ་ཨ་ས་ཏིའི་ཉེ་འབྲེལ་འགའ་དང་། སི་རི་ཡའི་དམག་དཔུང་གི་གསང་འཕྲིན་ལས་ཁུངས་ཀྱི་མཛུབ་སྟོན་དཔོན་པོ་དང་། ཙུང་ཐུང་གཞུང་སྒྲུབ་ཁང་གི་མཐོ་རིམ་དཔོན་རིགས་དང་གྲོས་ཞུགས་པ་གཅིག་བཅས་འདུ་བ་རེད། བཀག་སྡོམ་ཐེབས་པའི་མི་སྣ་ཡི་ཨ་རིའི་མངའ་ཁོངས་སུ་ཡོད་པ་དང་ཡང་ན་ཨ་རིས་ཚོད་འཛིན་བྱས་ཡོད་པའི་མ་རྩར་ཞིབ་བཤེར་འགོག་སྡོམ་བྱ་རྒྱུ་ཡིན་པ་དང་། ཨ་རིའི་སྤྱི་དམངས་ཀྱིས་ཁོ་ཚོར་འབྲེལ་འདྲིས་དང་བརྗེ་རེས་བྱས་མི་ཆོག་པ་མ་ཟད། ཨ་རིའི་སྤྱི་དམངས་མ་ཡིན་པའི་མི་དང་བཀག་སྡོམ་ཐེབས་པའི་མི་སྣའི་བར་དུའང་བརྗེ་རེས་བྱེད་པར་ཉེན་ཁ་ལ་འཕྲད་ཡོད་ཟེར།

ཉེ་བའི་ལོ་འདི་དག་ལ། ཨ་རིའི་སྲིད་གཞུང་གིས་སི་རི་ཡའི་སྲིད་གཞུང་དང་ཁེ་ལས། མི་སྒེར་གང་རུང་ལ་བཀག་སྡོམ་བྱས་ཤིང་། བཀག་སྡོམ་བྱས་པའི་མི་སྣའི་ཁྲོད་དུ་སི་རི་ཡའི་ཙུང་ཐུང་པ་ཧྲ་ཨར་ཨ་ས་ཏི་རྒན་རྒོན་གཉིས་ཀྱང་འདུ། སི་རི་ཡ་སྲིད་གཞུང་གིས་ཨ་རིའི་བཀག་སྡོམ་བྱེད་ཐབས་དེ་རྣམ་པ་གསར་བའི་འཇིགས་སྐུལ་རིང་ལུགས་པ་ཡིན་པར་སྐྱོན་བརྗོད་བྱེད་ཀྱིན་ཡོད། པ་ཧྲ་ཨར་ཨ་ས་ཏི་ཡིས་ཚེས་བཅུ་གཅིག་ཉིན་བསྟན་དོན། ཨ་རི་སོགས་ཀྱིས་བཀག་སྡོམ་བྱེད་ཐབས་སྤྱད་པ་དེས་སི་རི་ཡའི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ལ་གནས་ཚུལ་མི་ལེགས་པ་བཟོས་ཡོད་པ་མ་ཟད། སི་རི་ཡའི་ཡུལ་གྱར་བ་ཁྲི་ཕྲག་མང་པོ་ཕྱིར་རང་རྒྱལ་གྱི་པང་དུ་ལོག་པར་བཀག་འགོག་བྱས་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།