ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲུབ་ཚུལ་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་གཅིག་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐབས་གསར་བའི་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་གྲུབ་ཚུལ་ལ་ཆོག་མཆན་བཀོད། 

ཨུ་རུ་སིའི་བཅའ་ཁྲིམས་བརྡ་འཕྲིན་དྲ་རྒྱས་ཚེས་ཉེར་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་ཙུང་ཐུང་བཀའ་རྒྱ་ལྟར་ན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་འགན་ཕུའུ་ཅིན་གྱིས་ཁུར་ཡོད་པ་དང་། ཁོངས་མིར་ཙུང་ལི་མུས་ཧྲུའུ་སི་ཅིང་དང་། གྲོས་ཁང་གོང་མའི་ཀྲུའུ་ཞི་མཱ་ཐི་ཝེ་ཡན་ཁི། གྲོས་ཁང་ཞོལ་མའི་ཀྲུའུ་ཞི་བོ་ལོ་ཅིན། རྒྱལ་ཕྲན་མཉམ་འབྲེལ་ས་ཁུལ་དུ་སྡོད་པའི་ཙུང་ཐུང་གི་ཚབ་བྱེད་འཐུས་མི། གྲོས་ཁང་གི་ཏང་ཁག་མགོ་ཁྲིད་པ། དེ་མིན་རྒྱལ་ཕྲན་མཉམ་འབྲེལ་ཚོགས་པ་སོ་སོའི་སྲིད་འཛིན་དཔོན་པོ་སོགས་བསྡོམས་པས་མི་བརྒྱ་དང་བཞི་འདུས། 

བསྒྲགས་པ་ལྟར་ན། ཕུའུ་ཅིན་གྱིས་ཟླ་འདིའི་ཚེས་བརྒྱད་ཉིན་ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་བཀོད། བཅའ་ཁྲིམས་དེ་ལྟར་ན། ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་དོན་ཨུ་ཡོན་ལྷན་ཁང་གི་བྱ་བར་སྲིད་གཞུང་གི་མཐུན་སྦྱོར་འཁོར་སྐྱོད་ལ་འགན་སྲུང་བྱེད་པ་དང་། སྔོན་རྩིས་གཏན་འབེབས་དང་མི་དོན་བཀོད་སྒྲིག་ལ་ཞུགས་པ། རྒྱལ་ཁབ་ཀྱི་ནང་སྲིད་དང་ཕྱི་འབྲེལ་གྱི་ཁ་ཕྱོགས་གཙོ་བོ་དང་རྒྱལ་ཁབ་ཀྱི་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོག་མའི་ཁ་ཕྱོགས་གཏན་འཁེལ་བྱེད་པ་སོགས་འདུས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།