ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཧན་གོ་ཕྱོགས་ལ་དམག་དོན་རྟེན་གཞི་བཅུ་གཉིས་སྤྲད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་དཔོན་ཕྱོགས་ཀྱིས་ཚེས་བཅུ་གཅིག་ཉིན་བཤད་རྒྱུར། ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གིས་ཧན་གོ་ཕྱོགས་ལ་དམག་དོན་རྟེན་གཞི་བཅུ་གཉིས་ཕྱིར་སྤྲོད་པའི་ཐད་ནས། ཧན་གོ་དང་ཨ་མེ་རི་ཁས་ཉིན་དེར་གྲོས་མཐུན་བཀོད། རྩིས་སྤྲོད་བྱས་པའི་དམག་དོན་རྟེན་གཞིའི་ཁྲོད་ཀྱི་རྟེན་གཞི་དྲུག་ནི་ཧན་གོའི་རྒྱལ་ས་ཧྲིག་ཨར་ན་ཡོད། མིག་སྔའི་བར་དུ། ཧན་གོར་ཡོད་པའི་ཨ་མེ་རི་ཁའི་དམག་དོན་རྟེན་གཞི་བརྒྱད་ཅུའི་ཁྲོད་ནས། ཧན་གོ་ཕྱོགས་ཀྱིས་དམག་དོན་རྟེན་གཞི་བཅུ་གཉིས་ཚུར་བསྡུ་དགོས་ཀྱི་ཡོད།

ཧན་གོའི་མཉམ་འབྲེལ་གསར་འགྱུར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ཚེས་བཅུ་གཅིག་ཉིན་ཧན་གོའི་ཙུང་ཐུང་ལས་ཤག་ཆིང་ཝ་ཐའེ་ཡི་དཔོན་རིགས་ཀྱིས་གསར་འགོད་པའི་ཚོགས་འདུའི་སྟེང་བཤད་རྒྱུར། ཧན་གོ་དང་ཨ་མེ་རི་ཁས་ཉིན་དེར་དྲ་ལམ་ནས་བསྡུས་པའི། ཧན་གོར་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་གི་གོ་གནས་གྲོས་ཆོད་ཀྱི་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་དུ། ཨ་མེ་རི་ཁ་ཕྱོགས་ཀྱིས་ཧན་གོ་ཕྱོགས་ལ་དམག་དོན་རྟེན་གཞི་བཅུ་གཉིས་ཕྱིར་སྤྲོད་རྒྱུའི་ཐད་ནས་གྲོས་མཐུན་བཀོད་ཟེར།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།