ཀྲུང་གོ་བོད་ཀྱི་དྲ་བ།

དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གཉིས་ཀྱིས་མ་འོངས་པའི་འབྲེལ་བའི་ཐད་ཀྱི་གྲོས་མོལ་གནས་སྐབས་སུ་མཚམས་བཞག

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གསར་འགྱུར། ཚེས་བཞི་ཉིན། དབྱིན་ཇི་དང་ཡོ་རོབ་གླིང་མནའ་འབྲེལ་གཉིས་ཀྱིས་བསྒྲགས་དོན། ད་དུང་གྲོས་མཐུན་འགོད་པའི་ཆ་རྐྱེན་དང་མི་མཐུན་པའི་རྐྱེན་གྱིས། ཕྱོགས་གཉིས་ཀྱིས་གནས་སྐབས་སུ་ཉོ་ཚོང་གྲོས་མཐུན་སྲོག་ཤིང་དུ་བྱས་པའི་མ་འོངས་པའི་གྲོས་མོལ་མཚམས་འཇོག་རྒྱུ་དྲིལ་སྒྲོག་བྱས།

དབྱིན་ཇིའི་ཡོ་རོབ་གླིང་མནའ་འབྲེལ་ནས་ཕྱིར་འབུད་པའི་གྲོས་མོལ་གྱི་འཐུས་ཚབ་མི་སྣ་དང་པོ་ཧྥོ་ལའོ་སི་ཐི་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་འཐུས་ཚབ་མི་སྣ་པ་ཉི་ཡེ་གཉིས་ཀྱིས་ཉིན་དེར་སྨྱན་བྱད་སྟེང་མཉམ་དུ་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ལོན་ཏོན་དུ་གཟའ་འཁོར་གཉིས་རིང་གི་བྲེལ་མྱུར་ཆེ་བའི་གྲོས་མོལ་བྱས་རྗེས། ཕྱོགས་གཉིས་ཀྱིས་མཐའ་གཅིག་ཏུ། འདྲ་མཉམ་འགྲན་རྩོད་ཁོར་ཡུག་དང་ཁ་ཆད་དོ་དམ། ཉ་ལས་ཁྱབ་ཁོངས་ཐད་ནས་ལྟ་ཚུལ་མི་འདྲ་བ་ལྡན་པས། ད་དུང་གྲོས་མཐུན་འགོད་པའི་ཆ་རྐྱེན་དང་མི་མཐུན་ཟེར།

གསལ་བསྒྲགས་ནང་བཤད་རྒྱུར། ཕྱོགས་གཉིས་གནས་སྐབས་སུ་གྲོས་མོལ་བྱེད་མཚམས་འཇོག་རྒྱུའི་འཐད་པ་བྱུང་བ་དང་། ཡོ་རོབ་གླིང་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥིན་ཏི་ལའེ་ཨིན་དང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་ཡུའེ་ཧན་ཞུན་གཉིས་ཀྱིས་ཚེས་ལྔ་ཉིན་གྱི་ཕྱི་དྲོར་གྲོས་མོལ་བྱ་བར་གྲོས་སྡུར་བྱེད་རྒྱུ་རེད།

ཟླ་བཅུ་གཅིག་པའི་ཟླ་སྨད་དུ། ཡོ་རོབ་གླིང་མནའ་འབྲེལ་གྱི་གྲོས་མོལ་ཚོགས་པའི་ཁོངས་མི་གཅིག་ལ་པྲོག་གསར་གློ་ཚད་རིམས་ནད་བྱུང་བས། ཕྱོགས་གཉིས་ཀྱིས་གནས་སྐབས་སུ་ཁ་གཏད་གྲོས་མོལ་བྱེད་མཚམས་བཞག་སྟེ། དྲ་ཐོག་ནས་གྲོས་མོལ་བྱས། ཟླ་བཅུ་གཅིག་པའི་ཚེས་ཉེར་བརྒྱད་ཉིན། ཕྱོགས་གཉིས་ཀྱིས་ལོན་ཏོན་དུ་ཁ་གཏད་གྲོས་མོལ་སླར་གསོ་བྱས་ནས། མུ་མཐུད་དུ་ཉ་ལས་དང་འདྲ་མཉམ་འགྲན་རྩོད་ཁོར་ཡུག ཁ་ཆད་དོ་དམ་བཅས་གནད་དོན་གཙོ་བོ་གསུམ་ཐད་ནས་འགྲན་རྩོད་བྱས། དུས་ཡུན་རིང་བོར། ཕྱོགས་གཉིས་ཀྱིས་གྲོས་མཐུན་འགོད་པའི་ཐད་འབད་འཐབ་བྱེད་ཀྱིན་ཡོད་ཀྱིན་ཡོད་བའི་ཚུལ་བསྟན་ན་ཡང་། གྲོས་མོལ་མི་འགྲུབ་པའི་གནས་ཚུལ་ཡང་ཡོད་སྲིད།

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།