ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ནས་དམག་ཕྱིན་འཐེན་བྱས་རྗེས་དམག་དོན་རྟེན་གཞི་སོར་འཇོག་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཟུར་ལྔའི་ཐོག་ཁང་ཆེན་མོའི་དཔོན་རིགས་ཀྱིས་ཚེས་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁས་སང་ལོའི་ཟླ་དང་པོའི་ཟླ་དཀྱིལ་སྔོན་ལ་ཨ་ཧྥུའུ་ཧན་དུ་ཡོད་པའི་བཅའ་སྡོད་དམག་དཔུང་གི་དམག་མིའི་ཁ་གྲངས་སྟོང་གཉིས་དང་ལྔ་བརྒྱའི་བར་ཇེ་ཉུང་དུ་གཏོང་རྒྱུ་ཡིན་ནའང་། དམག་དོན་རྟེན་གཞི་ཆེ་གྲས་གཉིས་སྔར་བཞིན་སོར་འཇོག་བྱེད་རྒྱུ་ཡིན་ཟེར།

ཨ་མེ་རི་ཁའི་དྲག་ཇུས་དམག་དཔོན་མཉམ་ཞུགས་གྲོས་ཚོགས་ཀྱི་ཀྲུའུ་ཞི་མཱ་ཁི་མིས་ལི་ཡིས་ཉིན་དེའི་ཨ་མེ་རི་ཁའི་རིག་མཛོད་དུ་གྲགས་པའི་པུའུ་ལུའུ་ཅིན་སི་སློབ་ཚོགས་ཀྱིས་གཙོ་སྒྲུབ་བྱས་པའི་བྱ་འགུལ་ཞིག་ལ་ཞུགས་སྐབས་གོང་གསལ་གྱི་སྐད་ཆ་དེ་བཤད་པ་རེད།

མིས་ལི་ཡིས་བཤད་རྒྱུར། ཨ་ཧྥུའུ་ཧན་དུ་བཅའ་སྡོད་བྱས་པའི་ཨ་རིའི་དམག་དཔུང་གིས་རྟེན་གཞི་ཆེ་གྲས་གཉིས་ཀྱི་ཉེ་འཁོར་དུ་ཡོད་པའི་གཞི་ཁྱོན་ཅུང་ཆེ་བའི་དམག་དོན་སྒྲིག་ཆས་རང་སོར་འཇོག་རྒྱུ་ཡིན་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།