ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིས་རྒྱལ་ཡོངས་སུ་སྔོན་ཆད་ཀྱི་ཙུང་ཐུང་ཏི་སི་ཐན་ལ་མྱ་ངན་ཞུ་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་གསུམ་ཉིན་ཁྱབ་བསྒྲགས་བྱས་དོན།  ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་རྒྱལ་ཡོངས་ཀྱི་མྱ་ངན་ཞུ་བའི་ཉིན་མོར་གཏན་ཁེལ་བྱས་ཏེ།  སྐུ་གཤེགས་པའི་སྔོན་ཆད་ཀྱི་ཙུང་ཐུང་ཏི་སི་ཐན་ལ་ཉིན་གཉིས་ཀྱི་རིང་མྱ་ངན་ཞུ་རྒྱུ་ཡིན་ཟེར།

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཚེས་གསུམ་ཉིན་གྱི་དགོང་མོར་བརྙན་འཕྲིན་གཏམ་བཤད་སྤེལ་ཏེ། སྔོན་ཆད་ཀྱི་ཙུང་ཐུང་ཏི་སི་ཐན་གྱིས་ཧྥ་རན་སིའི་སྤྱི་ཚོགས་ཚུལ་བསྒྱུར་དང་ཡོ་རོབ་གཞི་གཅིག་ཅན་ཐད་ཀྱི་འབུར་ཐོན་བྱས་རྗེས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་།  ཁོ་ནི་ཧྥ་རན་སའི་ལོ་རྒྱུས་ཚུལ་བསྒྱུར་དུས་སྐབས་ཀྱི་གནད་འགག་གི་མི་སྣ་རེད་ཅེས་བཤད།

མཱ་ཁི་ལུང་གིས་བཤད་རྒྱུར།  ཏི་སི་ཐན་གྱིས་ཧྥ་རན་སིའི་ཙུང་ཐུང་གི་འགན་ཁུར་བའི་སྐབས་སུ།  ཧྥ་རན་སིའི་སྤྱི་ཚོགས་དང་ལམ་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ཐད་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད།  ཏི་སི་ཐན་གྱིས་ཙུང་ཐུང་གི་འགན་ཁུར་བའི་ལོ་བདུན་གྱི་རིང་ལ། ཧྥ་རན་སིར་འགྱུར་ལྡོག་ཆེན་པོ་བྱུང་བར་མ་ཟད། མི་རབས་ཤིག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད།  ཙུང་ཐུང་ཏི་སི་ཐན་གྱིས་མི་ཚེ་གང་བོར་ཡོ་རོབ་གཞི་གཅིག་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་བཏོན་པ་དང་།  དེང་གི་ཡོ་རོབ་སྐམ་ས་ཆེན་མོའི་མཐུན་སྒྲིལ་དང་སྟོབས་ཤུགས་དེ་མདོར་དེད་ན་ཁོང་གི་ཡོ་རོབ་ཀྱི་དགའ་ཞེན་ལས་བྱུང་བ་རེད་ཟེར།

མཱ་ཁི་ལུང་གིས་བཤད་རྒྱུར།   ཏི་སི་ཐན་གྱི་ཁྱིམ་མི་འཐད་པ་བྱུང་རྗེས། ཟླ་བཅུ་གཉིས་པའི་ཚེས་དགུ་ཉིན་དེ་རྒྱལ་ཁབ་ཀྱི་མྱ་ངན་ཞུ་བའི་ཉིན་མོར་གཏན་ཁེལ་བྱེད་རྒྱུ་ཡིན་པ་དང་།  མང་ཚོགས་དག་གིས་ས་གནས་གྲོང་ཁྱེར་སྲིད་གཞུང་སོགས་སུ་ཡིག་ཐོག་ནས་མྱ་ངན་གྱི་བསམ་པ་མཚོན་པར་བྱས་ཆོག་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།