ཀྲུང་གོ་བོད་ཀྱི་དྲ་བ།

པ་ཧོ་རྒྱལ་སྤྱིའི་ཨོ་རྩལ་ཨུ་ལྷན་གྱི་ཀྲུའུ་ཞི་གསར་པའི་འདེམས་བསྐོའི་འོས་མི་གཅིག་པུར་གྱུར་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2020-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཚེས1ཉིན། རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གིས་ལའོ་ཟང་དུ་པ་ཧོ་རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གསར་པའི་འདེམས་བསྐོའི་འོས་མི་གཅིག་པུར་གྱུར་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།

ད་ལོའི་ཟླ7པར་འཚོགས་པའི་རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས136པའི་ཐོག རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་པ་ཧོས་མུ་མཐུད་དུ་ལས་འགན་འཁུར་འདོད་ཡོད་པ་ཁྱབ་བསྒྲགས་བྱས་པ་རེད། རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གིས་ཟླ10པར་ལག་བསྟར་ཨུ་ཡོན་ལྷན་ཁང་གི་བརྙན་འཕྲིན་ཚོགས་འདུ་འཚོགས། ཚང་འཛོམས་གྲོས་ཚོགས་ཐེངས137པ་སང་ལོའི་ཟླ3པར་ཀེ་རི་སེའི་ཨ་ཐེན་སི་རུ་འཚོག་རྒྱུ་དང་སྐབས་དེ་དུས་ཀྲུའུ་ཞི་འདེམས་བསྐོ་བྱ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།

རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་གཞུང་ཕྱོགས་དྲ་ཚིགས་ཐོག་རྒྱལ་སྤྱིའི་ཨོ་རྩལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་བརྡ་ཁྱབ་བཏང་བ་དང་། ད་ལྟའི་ཀྲུའུ་ཞི་པ་ཧོ་ཀྲུའུ་ཞི་གསར་པ་འདེམས་བསྐོའི་འོས་མི་གཅིག་པུར་འགྱུར་རྒྱུ་རེད། ལོ་གཅིག་དུས་འགྱངས་བྱས་པའི་ཏུང་ཅིན་ཨོ་རྩལ་འགྲན་ཚོགས་ལ་ཤུགས་རྐྱེན་མི་ཐེབས་པའི་ཆེད་དུ། འགོ་ཁྲིད་རིམ་པ་བདེ་བླག་ངང་རྩིས་སྤྲོད་རྩིས་ལེན་ཐུབ་པའི་འགན་ལེན་བྱ་ཆེད་སང་ལོའི་ཟླ3པར་ཚང་འཛོམས་གྲོས་ཚོགས་ཐོག་བདམས་ཐོན་བྱུང་བའི་ཀྲུའུ་ཞི་གསར་པས་ཐོ་ཁེའོ་ཨོ་རྩལ་འགྲན་ཚོགས(2021ལོའི་ཟླ7ཚེས23ཉིན་ནས་ཟླ8ཚེས8ཉིན་བར)འཚོགས་རྗེས་ལས་འགན་འཁུར་རྒྱུ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།