ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་དྲུག་དང་ས་ཡ་གཉིས་འབུམ་གསུམ་ཁྲི་དྲུག་སྟོང་གསུམ་ལྔ་བརྒྱ་ཉེར་བདུན་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-12-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་སུམ་ཅུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་པ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་དྲུག་དང་ས་ཡ་གཉིས་འབུམ་གསུམ་ཁྲི་དྲུག་སྟོང་གསུམ་ལྔ་བརྒྱ་ཉེར་བདུན་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དྲ་ཚིགས་སུ་བཀོད་པའི་གཞི་གྲངས་གསར་པ་ལྟར་ན།    ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་སུམ་ཅུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གསུམ་དང་སྐར་མ་སོ་བདུན་བར།  འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་འབུམ་བཞི་དང་ཁྲི་དགུ་སྟོང་དྲུག་བརྒྱད་བརྒྱ་གོ་གཉིས་ཇེ་མང་དུ་སོང་ནས་བསྡོམས་པས་ནད་པ་བྱེ་བ་དྲུག་དང་ས་ཡ་གཉིས་འབུམ་གསུམ་ཁྲི་དྲུག་སྟོང་གསུམ་ལྔ་བརྒྱ་ཉེར་བདུན་ལ་སླེབས་ཡོད།  རྐྱེན་ལམ་དུ་ཤོར་བའི་ནད་པ་ཉིན་སྔོན་མ་དང་བསྡུར་ན་སྟོང་བདུན་དྲུག་བརྒྱ་གོ་བདུན་ཇེ་མང་དུ་སོང་ནས།  བསྡོམས་པས་ས་ཡ་གཅིག་དང་འབུམ་བཞི་ཁྲི་ལྔ་སྟོང་དྲུག་དྲུག་བརྒྱ་གྱ་བདུན་ལ་སླེབས་ཡོད།།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།