ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་ཏུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་ལྔ་དང་ཁྲི་ལྔ་ལས་བརྒལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། དབྱི་རག་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་དགུ་ཉིན་ཁྱབ་བསྒྲགས་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་གཞི་གྲངས་གསར་པ་ལྟར་ན།   དབྱི་རག་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་སྟོང་གཅིག་དང་དྲུག་བརྒྱ་བཅུ་བཞི་ཇེ་མང་དུ་སོང་ནས།   བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་ལྔ་དང་ཁྲི་ལྔ་བཞི་བརྒྱ་སོ་ལྔར་སླེབས་ཡོད།

གཞི་གྲངས་ལས་མངོན་པ་ལྟར་ན།  དབྱི་རག་ཏུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་བྱུང་སྟེ་རྐྱེན་ལམ་དུ་ཤོར་བའི་ནད་པ་ཉེར་བཞི་ཇེ་མང་དུ་སོང་བ་དང་།   བསྡོམས་པས་རྐྱེན་ལམ་དུ་ཤོར་བའི་ནད་པ་ཁྲི་གཅིག་སྟོང་གཉིས་ཉིས་བརྒྱ་ཉེར་བཞིར་སླེབས་ཡོད།    དྲག་སྐྱེད་བྱུང་བའི་ནད་པ་སྟོང་གཉིས་དང་སུམ་བརྒྱ་རེ་དྲུག་ཇེ་མང་དུ་སོང་བ་དང་།   བསྡོམས་པས་དྲག་སྐྱེད་བྱུང་བའི་ནད་པ་འབུམ་བཞི་དང་ཁྲི་བརྒྱད་དགུ་བརྒྱ་གསུམ་ལ་སླེབས་ཡོད།

མིག་སྔར། དབྱི་རག་ཏུ་ཉིན་རེར་གསར་དུ་ངོས་འཛིན་བྱས་པའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་ནད་དཔེ་སྟོང་བཞི་དང་སྟོང་ལྔ་ནས་སྟོང་གཉིས་བར་དུ་མར་ཆག་ཡོད་ནའང་།  ཉི་ཉི་ཝེ་ཞིང་ཆེན་སོགས་སུ་སྔར་བཞིན་ནད་པ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་།  སྨན་བཅོས་འཕྲོད་བསྟེན་མ་ལག་གིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་འཛིང་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས་ཡོད།

དབྱི་རག་སྲིད་གཞུང་གིས་ཟླ་དགུ་བའི་ཟླ་འགོར་རིམས་ནད་འགོག་སྲུང་བྱེད་ཐབས་སྔར་ལས་ཇེ་ལྷོད་དུ་བཏང་སྟེ་ལས་ཐོན་སླར་གསོར་སྐུལ་འདེད་ནས་དཔལ་འབྱོར་དང་དམངས་ཚིས་གནོན་ཤུགས་ཇེ་ཆུང་གཏོང་རྒྱུ་ཐག་བཅད་པ་དང་།  རིམས་འགོག་གཏན་ཁེལ་བརྩི་སྲུང་བྱེད་པའི་སྔོན་འགྲོའི་འོག་ཏུ་གྲུ་ཁའི་ཉོ་ཚོང་བྱ་འགུལ་སླར་གསོ་བྱེད་པ་དང་།   ཟ་ཁང་དང་སྐར་མ་རིམ་པའི་མགྲོན་ཁང་ཁ་ཤས་ཀྱིས་ཡང་བསྐྱར་ལས་གཉེར་བྱས་ཆོག་པ་སོགས་གཏན་ཁེལ་བྱས་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།