ཀྲུང་གོ་བོད་ཀྱི་དྲ་བ།

ལུའུ་ཧ་ཉི་ཡིས་འཇིགས་སྐུལ་བྱ་སྤྱོད་ཀྱིས་དབྱི་ལང་གི་ཚན་རིག་པ་སྔོན་སྐྱོད་ཀྱི་གོམ་སྟབས་ཇེ་བརྟན་དུ་གཏོང་བ་ལས་ཅི་ཡང་མི་ནུས་ཞེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། ཚེས་ཉེར་བརྒྱད་ཉིན་དབྱི་ལང་གི་ཙུང་ཐུང་ལུའུ་ཧ་ཉི་ཡིས་འཇབ་རྒོལ་ཐེབས་ནས་རྐྱེན་ལམ་དུ་ཤོར་བའི་དབྱི་ལིང་གི་མཐོ་རིམ་ཉིང་རྡུལ་དངོས་ཁམས་རིག་པ་བ་མུའུ་ཧི་ཞིན·ཧྥ་ཧི་ལེ་ཀྲ་ཏི་ལ་མྱ་ངན་ཞུས། ཁོས་འཇིགས་སྐུལ་བྱ་སྤྱོད་ཀྱིས་དབྱི་ལང་གི་ཚན་རིག་པས་མུ་མཐུད་འབད་བརྩོན་བྱེད་པར་བཀག་འགོག་བྱེད་མི་ཐུབ་པར། ཁོ་ཚོ་ཧྥ་ཧི་ལེ་ཀྲ་ཏི་ཡ་རྗེས་སྙེག་ནས་མུ་མཐུད་མདུན་སྐྱོད་བྱེད་ཐབས་གོམ་སྟབས་ཇེ་བརྟན་དུ་གཏོང་ངེས་ཞེས་བཤད།

ལུའུ་ཧ་ཉི་ཡིས་བསྟན་དོན། ཐེངས་འདིའི་འཇིགས་སྐུལ་འཇབ་རྒོལ་ནི་དབྱི་ལང་གི་ཚན་རིག་གོང་འཕེལ་དུ་སོང་བ་དེར་དགྲ་བོས་གདོང་གཏོད་མ་ནུས་པ་དང་། དགྲ་བོས་ཆབ་སྲིད་སོགས་ཁྱབ་ཁོངས་ནས་བསྟུད་མར་ཕམ་ཁ་མྱངས་པའི་མཇུག་འབྲས་ཡིན་ལ། ཐེངས་འདིའི་འཇབ་རྒོལ་གྱིས་ཁོ་ཚོའི་གཏུམ་དྲག་དང་ངན་སེམས་ལྷང་ལ་ཕུད་པ་རེད་ཟེར།

དབྱི་ལང་གི་ཆེས་མཐོའི་གཙོ་འཛིན་ཧ་མཱེ་ནེ་དབྱི་ཡིས་ཚེས་ཉེར་བརྒྱད་ཉིན་འཇིགས་སྐུལ་བྱ་སྤྱོད་ཀྱི་དོན་རྐྱེན་སློང་མཁན་ལ་ཁྲིམས་ཆད་ནན་མོ་གཅོད་དགོས་ཞེས་བསྟན།

དབྱི་ལང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་གསར་འགྱུར་ཁང་གིས་བསྒྲགས་པ་ལྟར་ན། ཧྥ་ཧི་ལེ་ཀྲ་ཏི་ལྐོག་གསོད་བྱས་པའི་དོན་རྐྱེན་དེའི་ཐད་ནས། དབྱི་ལང་དབྱི་སི་ལན་གསར་བརྗེ་སྲུང་དམག་གི་དམག་སྤྱི་སཱ་ལཱ་མུས་ཀྱིས་ཚེས་ཉེར་བདུན་ཉིན་གྱི་དགོང་མོར་ནག་ཉེས་ཚབས་ཆེན་བཟོ་མཁན་ལ་ཁྲིམས་ཆད་ནན་མོ་གཅོད་ངེས་ཡིན་ཞེས་བཤད་ཟེར། ། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།