ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་ཉིང་རྡུལ་དངོས་ལུགས་རིག་པའི་མཐོ་རིམ་མཁས་ཅན་ཞིག་འཇིགས་སྐུལ་འཇབ་རྒོལ་གྱིས་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གིས་སྤེལ་བའི་གློག་འཕྲིན། དབྱི་ལང་རྒྱལ་སྲུང་པུའུ་ཡིས་ཚེས་ཉེར་བདུན་ཉིན་བཤད་རྒྱུར། དབྱི་ལང་གི་ཉིང་རྡུལ་དངོས་ལུགས་རིག་པའི་མཐོ་རིམ་མཁས་ཅན་མུའུ་ཧོ་ཤིན·ཧྥ་ཁེ་ལི་ཀྲ་ཏི་ལགས་ལ་ཉིན་དེར་རྒྱལ་ས་ཏི་ཧའེ་ལན་ཉེ་འགྲམ་དུ། དྲག་ཆས་འཇིགས་སྐུལ་གྱི་འཇབ་རྒོལ་ཐེབས་ནས་མྱུར་སྐྱོབ་བྱས་ཀྱང་ཕན་འབྲས་མ་ཐོན་པར་རྐྱེན་ལམ་དུ་ཤོར།

དབྱི་ལང་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། ཧྥ་ཁེ་ལི་ཀྲ་ཏི་ལ་འཇབ་རྒོལ་ཁྲོད་རྨས་སྐྱོན་ཚབས་ཆེན་ཐེབས་ནས་སྨན་ཁང་དུ་བསྐྱལ་ཟེར།

དབྱི་ལང་སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྥ་ཁེ་ལི་ཀྲ་ཏི་ནི་དབྱི་ལང་རྒྱལ་སྲུང་པུའུ་ཡི་ཉིང་རྡུལ་འཆར་གཞིའི་འགན་འཁུར་བ་ཞིག་ཡིན་པ་དང་། ཉིན་དེའི་ཕྱི་དྲོ་ཏི་ཧའེ་ལན་བྱང་ཤར་གྱི་སྤྱི་ལེ་དྲུག་ཅུ་ཙམ་གྱི་སར་ཡོད་པའི་ཨབ་ཧྲ་ཏི་གྲོང་ཚོར་འཇབ་རྒོལ་ཐེབས། མཐོང་མཁན་གྱིས་བཤད་པ་ལྟར་ན། ཧྥ་ཁེ་ལི་ཀྲ་ཏི་བསྡད་པའི་རླངས་འཁོར་ཉིན་དེར་གྲོང་ཚོ་དེའི་སྲང་ལམ་གཙོ་བོ་ཞིག་ཏུ་བསྐྱོད་སྐབས་གློ་བུར་འབར་གས་བྱུང་བ་དང་། དེའི་མེ་མདའ་བསྟུད་མུར་བརྒྱབ་ནས་མི་མང་པོར་ཤི་རྨས་བཟོས་ཟེར།

དབྱི་ལང་ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་ཀྲ་ལི་ཕུའུ་ཡིས་ཉིན་དེར་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་སྟེང་གསལ་བསྒྲགས་སྤེལ་ནས། འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་དེར་རྒོལ་གཏམ་བཏང་བར་མ་ཟད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱ་སྤྱོད་དེའི་རིགས་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།