ཀྲུང་གོ་བོད་ཀྱི་དྲ་བ།

ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་འཁྲུག་རྩོད་མཚམས་འཇོག་པའི་གསལ་སྒྲོག་གཞིར་བཟུང་སྟེ་རྐྱེན་ལམ་དུ་ཤོར་བའི་དམག་མིའི་བེམ་པོ་བརྗེ་སྤོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་བཞི་ཉིན་བཤད་རྒྱུར། ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་ཉིན་དེར་རྒྱལ་ཁབ་གཉིས་ཀྱི་རྐྱེན་ལམ་དུ་ཤོར་བའི་དམག་མི་སྐོར་ཞིག་གི་བེམ་པོ་བརྗེ་སྤོར་བྱས་ཡོད་ཟེར། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་ཉིན་དེར་སྤེལ་བའི་གསལ་སྒྲོག་ནང་བཤད་རྒྱུར། ཨུ་རུ་སིའི་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་དུ་སྡོད་པའི་ཞི་བདེ་སྲུང་སྐྱོབ་དམག་དཔུང་གི་རམ་འདེགས་འོག ཨ་སེ་པེད་ཅང་ཕྱོགས་ཀྱིས་ཨེ་མེ་ནི་ཡཱའི་རྐྱེན་ལམ་དུ་ཤོར་བའི་དམག་མི་རེ་འགའི་བེམ་པོ་ཨེ་མེ་ནི་ཡཱའི་ཕྱོགས་ལ་སྤྲད་པ་དང་། ཨེ་མེ་ནི་ཡཱ་ཕྱོགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་དམག་མིའི་བེམ་པོ་དྲུག་ཨ་སེ་པེད་ཅང་ཕྱོགས་ལ་སྤྲད། དམག་མི་དེ་དག་ནི་ཉེ་སྔོན་ནཱ་ཁཱའི་ཧྲུའུ་ཧྲ་ས་ཁུལ་ཉེ་འདབས་ཀྱི་འཐབ་འཁྲུག་ཁྲོད་རྐྱེན་ལམ་དུ་ཤོར་བ་རེད་ཟེར། 

ཨ་སེ་པེད་ཅང་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། གོང་གི་མི་ཆོས་རིང་ལུགས་ཀྱི་འགུལ་སྐྱོད་ནི་ཨུ་རུ་སི་དང་ཨ་སེ་པེད་ཅང་། ཨེ་མེ་ནི་ཡཱ་བཅས་རྒྱལ་ཁབ་གསུམ་གྱི་མགོ་ཁྲིད་པའི་ཚེས་དགུ་ཉིན་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གསལ་སྒྲོག་གཞིར་བཟུང་ཡི་སྤེལ་བ་ཡིན་ཟེར། 

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།