ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་སར་ལྷུང་ནས་མི་བཞིར་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་གསར་འགྱུར་དྲ་བ།     སྤེལ་དུས། : 2020-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཅིག་ཉིན་བདེན་དཔང་བྱས་དོན། ཨ་ཧྥུའུ་ཧན་གྱི་དམག་བཀོལ་གྱེན་འཕུར་གནམ་གྲུ་ཞིག་ཚེས་བཅུ་ཉིན་གྱི་ནམ་གུང་ཤར་ཕྱོགས་ཀྱི་ནཱ་ཀི་ཧཱ་ཨར་ཞིང་ཆེན་ནས་སར་ལྷུང་སྟེ། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་གཉིས་ལ་རྨས་ཕོག་ཡོད་ཟེར། 

ཨ་ཧྥུའུ་ཧན་རྒྱལ་སྲུང་པུའུ་ཡིས་སྤེལ་བའི་གསལ་སྒྲོག་ལས་བཤད་རྒྱུར། ཨ་ཧྥུའུ་ཧན་མཁའ་དམག་གི་ཁོངས་སུ་གཏོགས་པའི་མུས-17རྟགས་ཅན་གྱི་གྱེན་འཕུར་གནམ་གྲུ་དེ་ཚེས་བཅུ་ཉིན་གྱི་དགོང་མོར་ནན་ཀི་ཧཱ་ཨར་ཞིང་ཆེན་གྱི་ཞེ་སཱ་ལཱ་ཁི་ས་ཁུལ་ནས་འཕུར་སྐབས་འཕྲུལ་ཆས་ཆག་སྐྱོན་དབང་གིས་སར་ལྷུང་སྟེ། གནམ་གྲུའི་སྟེང་གི་ལས་བྱེད་མི་སྣ་གཅིག་དང་ཉེན་རྟོག་པ་གཅིག་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་གཉིས་ལ་རྨས་ཕོག་ཟེར། གསལ་སྒྲོག་ལས་གནམ་གྲུའི་སྟེང་དུ་མི་ག་ཚོད་ཡོད་པ་གསལ་བོར་བསྒྲགས་མེད། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།