ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྲོས་ཁང་གིས་པཱ་ལིན་བར་གྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྲོས་ཁང་གིས་ཚེས་བཅུ་ཉིན་དབྱི་སི་རལ་དང་པཱ་ལིན་གྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། གྲོས་ཁང་ནས་ཉིན་དེར་འདེམ་ཤོག་རེ་གཉིས་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བཅུ་བཞིས་ངོ་རྒོལ་བྱས་པའི་བརྡས་གཅོད་མཇུག་འབྲས་ཀྱིས་གྲོས་མཐུན་དེར་ཆོག་མཆན་བཀོད་པ་རེད། 

དབྱི་སི་རལ་གྱི་ཕྱི་འབྲེལ་བློན་ཆེན་ཨ་ཧྲི་ཁི་ནཱ་ཆི་ཡིས་ཉིན་དེར་བསྟན་དོན། པཱ་ལིན་གྱི་ཕྱི་འབྲེལ་བློན་ཆེན་ཀྲ་ཡེ་ནེ་ཡིས་ཁྲིད་པའི་འཐུས་ཚབ་ཚོགས་པས་མི་འགྱངས་པར་དབྱི་སི་རལ་དུ་འཚམས་འདྲི་བྱེད་རྒྱུ་རེད་ཟེར། 

དབྱི་སི་རལ་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། གྲོས་མཐུན་དེ་ལ་ནེ་ཀི་ཡིས་མཇུག་མཐའི་ཆོག་མཆན་འགོད་དགོས་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།