ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡི་ལས་འགན་བླངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་དགུ་ཉིན་ཁྱབ་སྒྲོག་བྱས་དོན། རྒྱལ་སྲུང་བློན་ཆེན་ཨེ་སི་པའོ་ཡི་ལས་འགན་ལེན་རྒྱུ་ཡིན་པ་དང་། རྒྱལ་ཡོངས་འཇིགས་སྐུལ་ངོ་རྒོལ་ལྟེ་གནས་ཀྱི་ཀྲུའུ་རིན་མུས་ལེ་རྒྱལ་སྲུང་བློན་ཆེན་ཚབ་མར་བསྐོ་འཇོག་བྱེད་རྒྱུ་ཡིན་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་དྲ་ཚིགས་བརྒྱུད་དེ་བཤད་རྒྱུར། ཨེ་སི་པའོ་ཡི་ལས་འགན་བླངས་པ་དང་། མུས་ལེ་ཡིས་མྱུར་མོར་རྒྱལ་སྲུང་བློན་ཆེན་ཚབ་མའི་ལས་འགན་ཁུར་དགོས་ཟེར། 

ཨེ་སི་པའོ་ད་ལོར་ལོ་ང་དྲུག་ཡིན་པ་དང་། ཉིས་སྟོང་བཅུ་དགུ་ལོའི་ཟླ་བདུན་པར་ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་བ་རེད། 

མུས་ལེ་ད་ལོར་ལོ་ང་ལྔ་ཡིན་ཞིང་། ཉིས་སྟོང་ཉི་ཤུ་ལོའི་ཟླ་བརྒྱད་པ་ནས་བཟུང་རྒྱལ་ཡོངས་འཇིགས་སྐུལ་ངོ་རྒོལ་ལྟེ་གནས་ཀྱི་ཀྲུའུ་རིན་གྱི་འགན་ཁུར་བ་རེད། དེའི་སྔོན་ཁོས་སྔ་གཞུག་ཏུ་ཨ་མེ་རི་ཁའི་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་འཇིགས་སྐུལ་ངོ་རྒོལ་གྱི་བློ་འདོན་པ་དང་། དམིགས་བསལ་འགུལ་སྐྱོད་དང་འཇིགས་སྐུལ་རིང་ལུགས་ལ་ཆམ་ཕབ་གཏོང་བའི་ལས་དོན་གྱི་འགན་ཁུར་བའི་རྒྱལ་སྲུང་བློན་ཆེན་གྱི་ལས་རོགས་པའི་འགན་ཁུར་མྱོང་། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།