ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གྱིས་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་ལ་འཚམས་འདྲི་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་བཞི་ཉིན་ནས་བཟུང་ཝེ་ནེ་ཙུའེ་ལཱ་སོགས་ལཱ་ཏེན་མེ་གླིང་རྒྱལ་ཁབ་ལ་འཚམས་འདྲི་བྱེད་མགོ་བརྩམས་པ་དང་། ཕྱོགས་གཉིས་ཀྱི་མཉམ་ལས་ལ་ཤུགས་སྣོན་པར་འཚོལ་ཞིབ་བྱས་ཏེ་མཉམ་དུ་ཨ་མེ་རི་ཁའི་བཀག་སྡོམ་བྱེད་ཐབས་ལ་ཁ་གཏད་འཇལ་རྒྱུ་རེད། 

ཝེ་ནེ་ཙུའེ་ལཱའི་ཕྱི་འབྲེལ་བློན་ཆེན་ཨ་ལོས་ཡཱ་སཱ་ཡིས་བཤད་རྒྱུར། ཕྱོགས་གཉིས་ཀྱིས་ཆེས་མཐོ་རིམ་གྱི་གཅིག་འདུས་བྱ་བའི་ཉིན་རིམ་ཡོངས་འགྲུབ་བྱེད་རྒྱུ་ཡིན་པ་དང་། ཐེངས་རེའི་མཐོ་རིམ་འཚམས་འདྲིའི་བྱ་འགུལ་ལས་ང་ཚོའི་འཐབ་ཇུས་མནའ་མཐུན་དང་མཛའ་བརྩེ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། བཙན་འཛུལ་ཐད་ནས་ཝེ་ནེ་ཙུའེ་ལཱ་དང་དབྱི་ལིང་གིས་མཐུན་སྒྲིལ་གྱི་བློ་སྤོབས་མངོན་པར་བྱས་ཡོད་ཟེར། 

ཝེ་ནེ་ཙུའེ་ལཱའི་ཙུང་ཐུང་མཱ་ཏུའུ་ལོ་ཡིས་ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་ལྔ་བར་བསྟུད་འགན་ཁུར་བ་དང་། ངོ་རྒོལ་ཕྱོགས་ཁག་གིས་མཱ་ཏུའུ་ལོ་ཡིས་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་བར་བཤད་དེ་མཱ་ཏུའུ་ལོ་ཡི་སྐབས་གཉིས་པའི་འགན་ཡུན་གྱི་ཁྲིམས་མཐུན་རང་བཞིན་ཁས་ལེན་མ་བཡས། ངོ་རྒོལ་ཕྱོགས་ཁག་གི་མགོ་ཁྲིད་པ་ཧུའུ་ཨན་བཀའ་དབྱེ་ཏའོ་ཡིས་ཕྱི་ལོའི་ཟླ་དང་པོར་རང་ཉིད་གནས་སྐབས་ཀྱི་ཙུང་ཐུང་དུ་བསྐོས་པ་དང་། ཨ་མེ་རི་ཁ་སོགས་ནུབ་ཕྱོགས་རྒྱལ་ཁབ་དང་ལཱ་ཏེན་མེ་གླིང་གི་རྒྱལ་ཁབ་བཅུ་ཕྲག་འགའི་ཁས་ལེན་ཐོབ་ཡོད། 

ཨ་མེ་རི་ཁའི་སྲིད་གཞུང་གིས་ཝེ་ནེ་ཙུའེ་ལཱའི་བཀག་སྡོམ་བྱེད་ཐབས་ཇེ་དྲག་ཏུ་བཏང་ནས་མཱ་ཏུའུ་ལོ་ལ་དབང་ཆ་བསྐྱུར་དུ་འཇུག་རྩིས་བྱས། མཱ་ཏུའུ་ལོ་སྲིད་གཞུང་གིས་དབྱི་ལིང་བར་གྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པར་འཚོལ་ཞིབ་བྱས་པ་དང་། དབྱི་ལིང་གིས་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་ལ་འབར་སྣུམ་དང་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འདོན་སྤྲོད་བྱས། 

ཀྲ་ལི་ཧྥུའུ་ཡིས་ད་རུང་ཁུ་པཱ་རུ་འཚམས་འདྲི་བྱེད་རྒྱུ་ཡིན་པ་དང་། པའོ་ལེ་ཝེ་ཡཱ་རུ་སོང་ནས་ཚེས་བརྒྱད་ཉིན་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་གསར་བ་ཨ་ཨར་སེ་ཡི་ལས་འགན་ཁུར་བའི་མཛད་སྒོར་ཞུགས་རྒྱུ་རེད། ཨ་ཨར་སེ་ནི་པའོ་ལེ་ཝེ་ཡཱའི་གཡོན་ཕྱོགས་སྲིད་ཏང་སྤྱི་ཚོགས་རིང་ལུགས་བརྩོན་ལེན་འགུལ་སྐྱོད་ལས་ཐོན་པ་ཡིན་ལ། སྔོན་ཆད་ཀྱི་ཙུང་ཐུང་མའོ་ལཱ་ལའེ་སི་ཡི་རྒྱུན་འཛིན་པར་རློམ་ཡོད་ལ། དབྱི་ལིང་བར་གྱི་འབྲེལ་བར་ཤུགས་སྣོན་འདོད་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།