ཀྲུང་གོ་བོད་ཀྱི་དྲ་བ།

ཡེ་མིན་སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་བཅོ་ལྔ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཀྱིས་ཚེས་གསུམ་ཉིན་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པའི་བར་ཉིན་དེར་ལྷོ་ནུབ་ཕྱོགས་ཀྱི་ཐཱ་དབྱེ་ཙི་ཞིང་ཆེན་ནས་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་ཧུའུ་སེ་དྲག་ཆས་མི་སྣ་བཅོ་ལྔ་བསད་ཟེར། 

མིང་བཤད་མི་འདོད་པའི་ཡེ་མིན་སྲིད་གཞུང་དམག་དཔུང་གི་དཔོན་རིགས་ཤིག་གིས་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སྲིད་གཞུང་དམག་དཔུང་དང་ཧུའུ་སེ་དྲག་ཆས་པས་ཉིན་དེར་ཐཱ་དབྱེ་ཙི་ཞིང་ཆེན་བྱང་ངོས་ཀྱི་ས་ཁུལ་རེ་འགའ་ནས་འཁྲུག་རྩོད་དྲག་པོ་བྱས་དང་། འཁྲུག་རྩོད་དེ་དུས་ཚོད་འགའི་རིང་རྒྱུན་བསྲིངས། སྲིད་གཞུང་དམག་དཔུང་གིས་ཧུའུ་སེ་དྲག་ཆས་མི་སྣ་བཅོ་ལྔ་བསད་པ་དང་། མི་རེ་འགའ་རྨས་ཡོད། སྲིད་གཞུང་དམག་དཔུང་ཕྱོགས་ཀྱི་མི་ལྔ་རྐྱེན་ལམ་དུ་ཤོར་བ་དང་མི་འགར་རྨས་ཕོག་ཡོད་ཟེར། 

ཧུའུ་སེ་དྲག་ཆས་པས་མིག་སྔར་ད་རུང་དོན་དེར་ལན་ཅི་ཡང་བྱིན་མེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།