ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་དགུ་ཁྲི་བཞི་སྟོང་གཉིས་དགུ་བརྒྱ་དང་གཉིས་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-11-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་གཅིག་ཉིན་ཁྱབ་སྒྲོག་བྱས་པའི་གཞི་གྲངས་གསར་བ་ལྟར་ན། འཛམ་གླིང་ཡོངས་སུ་རིམ་བརྩིས་ཀྱིས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་དགུ་ཁྲི་བཞི་སྟོང་གཉིས་དགུ་བརྒྱ་དང་གཉིས་ལ་སླེབས་ཡོད། 

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་བསྒྲགས་པའི་གཞི་གྲངས་གསར་བ་ལྟར་ན། ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་གཅིག་ཉིན་གྱི་ཕྱི་དྲོའི་དུས་ཚོད་གཅིག་དང་སྐར་མ་ཞེ་དགུའི་བར། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པའི་ཁ་གྲངས་སྔ་ཉིན་ནས་འབུམ་བཞི་དང་ཁྲི་བདུན་སྟོང་གསུམ་སུམ་བརྒྱ་བཅུ་གཅིག་ཇེ་མང་དུ་སོང་སྟེ། བསྡོམས་པས་ནད་པ་བྱེ་བ་བཞི་དང་ས་ཡ་ལྔ་འབུམ་དགུ་ཁྲི་བཞི་སྟོང་གཉིས་དགུ་བརྒྱ་དང་གཉིས་ལ་བསླེབ་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པའི་ཁ་གྲངས་སྔ་ཉིན་ལས་སྟོང་དྲུག་དང་ལྔ་བརྒྱ་དོན་བརྒྱད་ཇེ་མང་དུ་སོང་ནས། བསྡོམས་པས་ནད་པ་ས་ཡ་གཅིག་དང་འབུམ་གཅིག་ཁྲི་དགུ་སྟོང་གཉིས་དྲུག་བརྒྱ་ཞེ་བཞི་རྐྱེན་ལམ་དུ་ཤོར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།