ཀྲུང་གོ་བོད་ཀྱི་དྲ་བ།

ལེ་པ་ནོན་དང་དབྱི་སི་རལ་གཉིས་ཀྱིས་སྐོར་ཐེངས་གཉིས་པའི་མཚོ་ཐོག་མཐའ་མཚམས་ཀྱི་གྲོས་མོལ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་དང་ཨ་མེ་རི་ཁ་ཕྱོགས་གཉིས་ཀྱི་གྲོས་སྡུར་འོག ལེ་པ་ནོན་དང་དབྱི་སི་རལ་རྒྱལ་ཁབ་གཉིས་ཀྱི་འཐུས་ཚབ་མི་སྣས་ཚེས་ཉེར་བརྒྱད་ཉིན་སྐོར་ཐེངས་གཉིས་པའི་མཐོ་ཐོག་མཐའ་མཚམས་གྲོས་མོལ་བསྡུས་ཏེ། ཕྱོགས་གཉིས་ཀྱིས་མཉམ་དུ་མཚོ་ཐོག་ནུས་ཁུངས་སྔོག་འདོན་བྱེད་པའི་ཐད་རྨང་གཞི་འདིང་རྒྱུའི་རེ་བ་བཅངས་ཡོད།

རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་མཐའ་མཚམས་ཀྱི་སྐོར་ཐེངས་དང་པོའི་གྲོས་མོལ་ཚེས་བཅུ་བཞི་ཉིན་བསྡུས་པ་དང་།  སྐོར་ཐེངས་གཉིས་པའི་གྲོས་མོལ་ས་གནས་མི་འགྱུར་བར་སྔར་བཞིན་དུ་ལེ་པ་ནོན་ལྷོ་རྒྱུད་ཀྱི་ནཱ་ཀུའུ་ལ་གྲོང་རྡལ་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལེ་པ་ནོན་དུ་སྡོད་པའི་གནས་སྐབས་དམག་དཔུང་དམག་སྤྱི་ཁང་དུ་བཙུགས་ཡོད་ལ། སྔོན་རྩིས་ལྟར་ན་ཉིན་གཉིས་རིང་ལ་རྒྱུན་བསྲིང་རྒྱུ་རེད། དམག་ཕྱོགས་ཀྱིས་ཚེས་ཉེར་བརྒྱད་ཉིས་གྲོས་མོལ་ས་གནས་ཀྱི་ཉེ་འགྲམ་དུ་ལམ་འགོག་བཙུགས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྱེན་འཕུར་གནམ་གྲུ་མཁའ་དབྱིངས་སུ་ལྡོང་སྐོར་བརྒྱབ་ནས་ལྟ་སྐུལ་བྱེད་ཀྱིན་ཡོད།

ལེ་པ་ནོན་དང་དབྱི་སི་རལ་གཉིས་ཀྱིས་མཚོ་ཐོག་མཐའ་མཚམས་ཀྱི་གྲོས་མོལ་དེ་དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པ་རེན་བར་གྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་བསྒྱུར་བར་རྗེས་སྙེག་ནས་བསྡུས་པ་ཡིན་ལ། ཨ་མེ་རི་ཀས་ལེ་པ་ནོན་དང་དབྱི་སི་རལ་གཉིས་ཀྱི་གྲོས་མོལ་ཐད་ནས་ལོ་རྒྱུས་རང་བཞིན་ལྡན་ཞེས་བཤད་ན་ཡང་། ལེ་པ་ནོན་ཕྱོགས་ཀྱིས་དེ་ནི་ལག་རྩལ་རང་བཞིན་གྱི་གྲོས་མོལ་ཡིན་ལ། དབྱི་སི་རལ་གྱི་ཆབ་སྲིད་ལངས་ཕྱོགས་ཇེ་བཟང་དུ་སོང་བ་མཚོན་མེད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།