ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ཐ་ལི་ཡིས་བྱེད་ཐབས་གསར་པ་སྤྱད་དེ་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་བྱ་བར་སྔར་ལས་ཤུགས་བསྣན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ཐ་ལིའི་ཙུང་ལི་ཁུང་ཐི་ཡིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་དོན།   ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་གི་ཆུ་ཚོད་བཅུ་གཉིས་ནས་ཟླ་བཅུ་གཅིག་པའི་ཚེས་ཉེར་བཞི་ཉིན་བར།  དབྱི་ཐ་ལི་ཡིས་ཆང་ཁང་དང་ཟ་ཁང་སོགས་ཀྱིས་ཉིན་རེར་དུས་ཚོད་བཅོ་བརྒྱད་ཀྱི་རིང་ལ་ལས་གཉེར་བྱས་རྗེས་མུ་མཐུད་དུ་ལས་གཉེར་བྱེད་པ་གཏན་འགོག་བྱེད་རྒྱུ་ཡིན་པ་དང་། བརྒྱ་ཆའི་དོན་ལྔའི་མཐོ་འབྲིང་སློབ་མར་དྲ་ཐོག་ནས་སློབ་ཁྲིད་བྱེད་པ་དང་།   གློག་བརྙན་ཁང་དང་ལུས་སྦྱོང་ཁང་སོགས་ཀྱི་སྒོ་རྒྱག་རྒྱུ་ཡིན་པར་མ་ཟད།   རྒྱལ་ཁབ་ཀྱི་མཉམ་འབྲེལ་འགྲན་སྡུར་ལས་གཞན་པའི་ལུས་རྩལ་བྱ་འགུལ་ཡོད་ཚད་མཚམས་འཇོག་རྒྱུ་ཡིན་ལ།  གྲོས་ཚོགས་དང་འགྲེམ་འཚོང་ཚོགས་འདུ།  གཉེན་སྟོན་སོགས་བྱ་འགུལ་ཡོད་ཚད་མཚམས་འཇོག་རྒྱུ་ཡིན།  དངོས་མང་བཤམས་སྟོན་ཁང་གིས་རྒྱུན་ལྡན་ལྟར་སྒོ་འབྱེད་བྱས་ཆོག་ཟེར།

ཁུང་ཐི་ཡིས་བཤད་རྒྱུར།  སྲིད་གཞུང་གིས་སྤྱི་བའི་དོ་དམ་སྡེ་ཁག་ཏུ་རྒྱང་བསྟེན་གཞུང་སྒྲུབ་བྱེད་ཐབས་སྤྱོད་རྒྱུ་ཡིན་པ་དང་།  སྒེར་གཉེར་སྡེ་ཁག་གིས་ཀྱང་རྒྱང་བསྟེན་ལས་སྒྲུབ་བྱེད་ཐབས་སྤྱོད་རྒྱུའི་གྲོས་འགོ་བཏོན་པ་ཡིན་ཟེར།

དབྱི་ཐ་ལི་རུ་ཉེ་ལམ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཕྱིར་ཇེ་མང་དུ་འགྲོ་བཞིན་ཡོད། དབྱི་ཐ་ལི་ཡི་འཕྲོད་བསྟེན་སྡེ་ཁག་གིས་ཚེས་ཉེར་ལྔ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ལྟར་ན།  དབྱི་ཐ་ལི་རུ་ཉིན་དེར་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་ཁྲི་གཉིས་ལས་བརྒལ་ཏེ་བསྡོམས་པས་འབུམ་ལྔ་དང་ཁྲི་གཉིས་སྟོང་ལྔ་བདུན་བརྒྱ་གྱ་གཉིས་ལ་སླེབས།  རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་ཉེར་བརྒྱད་ཀྱིས་ཇེ་མང་དུ་སོང་ནས་བསྡོམས་པས་ཁྲི་གསུམ་དང་སྟོང་བདུན་སུམ་བརྒྱ་སོ་བརྒྱད་ལ་སླེབས་ཡོད།  །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།