ཀྲུང་གོ་བོད་ཀྱི་དྲ་བ།

ཀུའེ་ནེ་ཡཱའི་ངོ་རྒོལ་ཕྱོགས་ཁག་གི་རྒྱབ་སྐྱོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་སྟེ་ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀུའེ་ནེ་ཡཱའི་བདེ་འཇགས་དང་དམངས་དོན་སྲུང་སྐྱོབ་པུའུ་ཡིས་ཚེས་ཉེར་གཅིག་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར། ཀུའེ་ནེ་ཡཱའི་ས་ཁུལ་མང་བོ་ནས་ངོ་རྒོལ་ཕྱོགས་ཁག་གི་རྒྱབ་སྐྱོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་སྟེ། ཉུང་མཐར་ཡང་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་མི་མང་བོར་རྨས་ཕོག་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། རྒྱལ་ས་ཁི་ནཱ་ཁི་ལི་ནས་ངོ་རྒོལ་ཕྱོགས་ཁག་གི་རྒྱབ་སྐྱོར་མཁན་གྱིས་གྲོང་ཁྱེར་ཉེ་འདབས་ཀྱི་གཞུང་ལམ་གཙོ་བོར་བཀག་རྒྱ་བཟོས་པ་དང་རླངས་འཁོར་གྱི་སྐྱ་བ་དང་ཅོག་ཙེ་སོགས་མེར་བསྲེག་པར་མ་ཟད། ཉུང་མཐར་ཡང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་སྟེ། ཉེན་རྟོག་པ་གཅིག་དང་བཅས་པའི་མི་བཞི་རྐྱེན་ལམ་དུ་ཤོར། ཅི་ཞི་ཏུའུ་ཀུའུ་སོགས་ས་ཁུལ་ནས་ངོ་རྒོལ་ཕྱོགས་ཁག་གི་རྒྱབ་སྐྱོར་མཁན་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་ནས་ཉུང་མཐར་ཡང་ཉེན་རྟོག་པ་གཅིག་དང་བཅས་པའི་མི་གསུམ་རྐྱེན་ལམ་དུ་ཤོར། དེ་ལས་གཞན་མི་མང་བོར་འཁྲུག་རྩོད་ཁྲོད་རྨས་ཕོག་ཡོད་ཟེར། 

གསལ་སྒྲོག་ལས་མང་ཚོགས་དག་གིས་རང་ཚོད་འཛིན་དགོས་པ་དང་། བཅའ་ཁྲིམས་ཀྱི་ཐབས་ལ་བརྟེན་ནས་རེ་འདོད་མཚོན་པར་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། བྱེད་ཐབས་སྤྱད་དེ་དྲག་ཤུགས་བྱ་སྤྱོད་ལ་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཀུའེ་ནེ་ཡཱའི་ཙུང་ཐུང་ཁུང་ཏའེ་ཡིས་ཚེས་ཉེར་གཅིག་ཉིན་དྲ་ཚིགས་བརྒྱུད་དེ་མང་ཚོགས་དག་གིས་ཙུང་ཐུང་འདེམ་བསྐོའི་མཇུག་འབྲས་ཁྱབ་སྒྲོག་མ་བྱས་གོང་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་བ་དང་། རྒྱལ་ཁབ་ཀྱི་དམངས་གཙོ་དང་སྤྱི་ཚོགས་ཀྱི་ཞི་བདེ་ལ་འཇིགས་ཉེན་ཐེབས་མི་རུང་ཟེར།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།