ཀྲུང་གོ་བོད་ཀྱི་དྲ་བ།

འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བཞི་དང་འབུམ་དྲུག་ཁྲི་དྲུག་སྟོང་ལྔ་བཞི་བརྒྱ་སོ་བརྒྱད་ལ་སླེབས་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས་ཉི་ཤུ་ཉིན་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་གསར་བ་ལྟར་ན།  འཛམ་གླིང་ཡོངས་སུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་བྱེ་བ་བཞི་དང་འབུམ་དྲུག་ཁྲི་དྲུག་སྟོང་ལྔ་བཞི་བརྒྱ་སོ་བརྒྱད་ལ་སླེབས་ཡོད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་དྲ་ཚིགས་སྟེང་བཀོད་པའི་གཞི་གྲངས་ཆེས་གསར་བ་ལྟར་ན།  ཡོ་རོབ་གླིང་དབུས་ཕྱོགས་ཀྱི་དུས་ཚོད་ཚེས་ཉི་ཤུ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ལྔ་དང་སྐར་མ་ཞེ་བདུན་བར་དུ། འཛམ་གླིང་ཡོངས་སུ་པྲོག་གསར་གློ་ཚད་རིམས་ནད་བྱུང་བའི་ནད་པ་འབུམ་གསུམ་དང་ཁྲི་ལྔ་བཞི་བརྒྱ་ཉེར་བཞི་ཇེ་མང་དུ་སོང་ནས།   བསྡོམས་པས་བྱེ་བ་བཞི་དང་འབུམ་དྲུག་ཁྲི་དྲུག་སྟོང་ལྔ་བཞི་བརྒྱ་སོ་བརྒྱད་ལ་སླེབས་ཡོད། རྐྱེན་ལམ་དུ་ཤོར་བའི་ནད་པ་སྟོང་ལྔ་བརྒྱ་དང་གོ་གཉིས་ཇེ་མང་དུ་སོང་བ་དང་།  བསྡོམས་པས་ས་ཡ་གཅིག་དང་འབུམ་གཅིག་ཁྲི་གཉིས་སྟོང་གཅིག་བརྒྱད་བརྒྱ་ཞེ་གསུམ་ལ་སླེབས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།