ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་གྱིས་ནཱ་ཁཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དགྲར་འཛིན་བསམ་ཕྱོགས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གློག་འཕྲིན་ལྟར།  ཨུ་རུ་སིའི་ཕྱི་འབྲེལ་བློན་ཆེན་ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཚེས་བཅུ་དགུ་ཉིན་ནཱ་ཀི་ཨར་ནོའུ་དང་ཁཱ་ལཱ་པཱ་ཧི་ས་ཁུལ་གྱི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དགྲར་འཛིན་བསམ་ཕྱོགས་མཚམས་འཇོག་དགོས་པའི་འབོད་སྐུལ་བཏང་། 

བསྒྲགས་པ་ལྟར་ན། ལཱ་ཧྥུའུ་ལོ་ཧྥུའུ་ཡིས་ཉིན་དེར་འཚམས་འདྲིར་ཡོང་བའི་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་པུའུ་ལི་ཆི་དང་གྲོས་མོལ་བྱས། ཁོས་གྲོས་མོལ་བྱས་རྗེས་སྤེལ་བའི་མཉམ་འབྲེལ་གྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཨུ་རུ་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་ཨུ་ཡོན་ལྷན་ཁང་ལ་ཨུ་རུ་སིའི་ནཱ་ཁཱའི་འཁྲུག་རྩོད་གནད་དོན་ཐད་ཀྱི་ལངས་ཕྱོགས་དང་གནས་བབ་གཏན་འཇགས་ཡོང་བར་སྤྱད་པའི་བྱེད་ཐབས་སྙན་ཞུ་བྱས། ཨུ་རུ་སིའི་ཕྱོགས་ཀྱིས་བལྟས་ན། མིག་སྔར་ཆེས་གལ་ཆེ་བ་ནི་ནཱ་ཁཱའི་འཁྲུག་རྩོད་ཕྱོགས་ཁག་སོ་སོས་དགྲར་འཛིན་བསམ་ཕྱོགས་མཚམས་འཇོག་རྒྱུ་དེ་ཡིན་པར་བསམ་ཡོད་ཟེར། 

ལཱ་ཧྥུའུ་ལོ་ཧྥུའུ་ཡིས་བཤད་རྒྱུར། དགྲར་འཛིན་བསམ་ཕྱོགས་མཚམས་བཞག་ན་ད་གཟོད་ནཱ་ཁཱ་ས་ཁུལ་དུ་ངེས་པ་དོན་གྱི་འཁྲུག་རྩོད་མཚམས་འཇོག་པ་དང་དམངས་བཀོལ་དམིགས་འབེན་ལ་ཆམ་ཕབ་གཏོང་མཚམས་འཇོག་པ་མངོན་འགྱུར་བྱེད་ཐུབ། ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱེད་པ་ནི་ཟླ་བཅུ་བའི་ཚེས་གཅིག་ཉིན་ཨུ་རུ་སི་དང་ཨ་མེ་རི་ཁ། ཧྥ་རན་སི་བཅས་རྒྱལ་ཁབ་གསུམ་གྱི་ཙུང་ཐུང་གིས་ནཱ་ཁཱ་ས་ཁུལ་གྱི་འཁྲུག་རྩོད་ཐད་ནས་སྤེལ་བའི་མཉམ་འབྲེལ་གསལ་སྒྲོག་གི་ནང་དོན་གཙོ་བོ་ཡིན་པ་དང་། ཟླ་བཅུ་བའི་ཚེས་བཅུ་ཉིན་ཨུ་རུ་སིའི་མཐུན་སྦྱོར་འོག་ཨ་སེ་པེད་ཅང་དང་ཨེ་མེ་ནི་ཡཱ་ཡིས་བཀོད་པའི་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་གྱི་ནང་དོན་གཙོ་བོའང་ཡིན་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།