ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྲོས་ཁང་གིས་དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྲོས་ཁང་གིས་ཚེས་བཅོ་ལྔ་ཉིན་དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་ལ་ཆོག་མཆན་བཀོད། 

དབྱི་སི་རལ་གྱི་ཙུང་ལིའི་གཞུང་སྒྲུབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། གྲོས་ཁང་ནས་ཉིན་དེར་འདེམ་ཤོག་བརྒྱད་ཅུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་བཅུ་གསུམ་གྱིས་ངོ་རྒོལ་བྱེད་པའི་མཇུག་འབྲས་ཀྱིས་གྲོས་མཐུན་དེར་གྲོས་འཆམ་བྱུང་བ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། དབྱི་སི་རལ་གྱི་ཙུང་ལི་ནེ་ནཱ་ནི་ཡཱ་ཧུའུ་ཡིས་ཉིན་དེར་གྲོས་ཁང་ནས་འདེམ་ཤོག་མ་འཕངས་གོང་གཏམ་བཤད་སྤེལ་ཏེ། དབྱི་སི་རལ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འབྲེལ་བ་རྒྱུན་ལྡན་ཅན་དུ་གཏོང་བའི་གྲོས་མཐུན་ཁྲོད་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ལ་ཨ་མེ་རི་ཁའི་སྔོན་ཐོན་གྱི་དམག་དོན་ལག་རྩལ་ཕྱིར་འཚོང་བྱེད་པའི་ནང་དོན་ཡོད་པ་ཁས་ལེན་མ་བྱས། དེ་ལས་གཞན་ཁོས་དབྱི་སི་རལ་དང་ལེ་པཱ་ནུན་གྱི་ཞི་བདེ་མངོན་འགྱུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཚོ་ཐོག་རྒྱལ་མཚམངས་ཀྱི་གྲོས་མོལ་ཡོངས་འགྲུབ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཨ་མེ་རི་ཁའི་བར་འདུམ་འོག དབྱི་སི་རལ་གྱིས་ཟླ་དགུ་བའི་ཚེས་བཅོ་ལྔ་ཉིན་ཨ་མེ་རི་ཁའི་ཕོ་བྲང་དཀར་པོ་ནས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་པཱ་ལིན་བར་འབྲེལ་བ་རྒྱུན་ལྡན་དུ་གཏོང་བའི་གྲོས་མཐུན་བཀོད། འབྲེལ་ཡོད་གྲོས་མཐུན་ལ་ཕཱ་ལེ་སི་ཐན་ཕྱོགས་ཀྱི་ངོ་རྒོལ་ཐེབས་ཡོད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།