ཀྲུང་གོ་བོད་ཀྱི་དྲ་བ།

ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གིས་གྲོས་ཁང་གི་ཙུང་ལི་གསར་བའི་སྐོར་གྱི་གྲོས་ཆོད་རྩིས་མེད་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་བཅུ་གསུམ་ཉིན་སྤྱི་སྒྲོག་སྤེལ་ཏེ། ཙུང་ཐུང་རི་ཨིན་པེ་ཁི་ཧྥུའུ་ཡིས་གྲོས་ཁང་གི་ཙུང་ལི་གསར་བ་དང་སྲིད་གཞུང་གསར་བའི་རྩ་འཛུགས་སྐོར་གྱི་གྲོས་ཆོད་རྩིས་མེད་དུ་བཏང་ནས་ཕྱིར་སྤྲད་པ་དང་། གྲོས་ཆོད་དེ་ཁྲིམས་མཐུན་མིན་པར་བསམ་ཡོད་ཟེར། 

སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཁང་གིས་དེའི་སྔོན་བཀོད་པའི་གྲོས་ཆོད་དེའི་ཁྲིམས་མཐུན་རང་བཞིན་ལ་དོགས་པ་ཆེན་པོ་ཟ་བཞིན་ཡོད་པ་དང་། གཙོ་བོ་ནི་དམིགས་བསལ་གྲོས་ཚོགས་ལ་ཞུགས་པའི་གྲོས་མིའི་ཁ་གྲངས་ཁྲིམས་བཅད་ཀྱི་ཁ་གྲངས་ལ་བསླེབ་མེད་པ་དང་། གྲོས་ཁང་གིས་གྲོས་མཐུན་བཀོད་པའི་གྲོས་ཆོད་དེ་ནི་ཁྲིམས་མཐུན་མིན་པ་དང་ལག་བསྟར་བྱེད་ཐབས་མེད་པར་བསམ་ཡོད། 

སྤྱི་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ལ་ཞུགས་པའི་ཁྲིམས་བཅད་མི་གྲངས་ཉུང་མཐར་ཡང་གྲོས་མི་རེ་གཅིག་དགོས་ཀྱང་། ཉིན་དེའི་གྲོས་ཚོགས་ལ་ཞུགས་པའི་གྲོས་མི་ང་གཅིག་མ་གཏོགས་མེད་པ་དང་། གཞན་ཡང་མི་བཅུ་ཡིས་གཞན་པར་ངག་བཅོལ་ལྟར་འདེམ་ཤོག་འཕངས་པ་ཙམ་ལས་དངོས་སུ་གྲོས་ཚོགས་ལ་ཞུགས་མེད་པས་ཁྲིམས་བཅད་ཀྱི་མི་གྲངས་ལ་བསླེབ་མེད་ཟེར། 

ཅིར་ཅི་སི་སི་ཐན་གྲོས་ཁང་གིས་ཚེས་བཅུ་ཉིན་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཀྲ་ཕཱ་ལོ་ཧྥུའུ་ཡིས་ཙུང་ལི་གསར་བའི་འགན་ཁུར་བར་ཆོག་མཆན་བཀོད་པ་དང་། སྲིད་གཞུང་གསར་བའི་རྩ་འཛུགས་དང་སྲིད་འཛིན་རྩ་འཛིན་ལ་ཆོག་མཆན་བཀོད། རྒྱལ་ཁབ་དེའི་རྩ་ཁྲིམས་ལྟར་ན། ཙུང་ཐུང་གིས་ཉིན་གསུམ་ནང་ཙུང་ལི་གསར་བ་དང་སྲིད་གཞུང་གསར་བའི་རྩ་འཛུགས་ལ་ཐག་གཅོད་བྱེད་དགོས་པ་རེད། གལ་ཏེ་ཙུང་ཐུང་གིས་ཡུན་ཚད་དེའི་ནང་ཐག་གཅོད་མ་བྱས་ན་གྲོས་ཁང་གིས་གྲོས་མཐུན་བཀོད་པའི་གྲོས་ཆོད་དེ་རང་བཞིན་དུ་ནུས་ལྡན་དུ་གྱུར་བ་རེད། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།