ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་གིས་ཨར་མེ་ཉི་ཡ་དང་ཨ་ཟེར་བྷེ་ཇན་གྱི་རྒྱལ་སྲུང་པུའུ་ཀྲང་ལ་ཁ་པར་གྱི་ལམ་ནས་ནཱ་ཁཱའི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བདུན་ཉིན། ཨུ་རུ་སུའི་རྒྱལ་སྲུང་པུའུ་ཀྲང་ཧྲའོ་དབྱི་ཀུའུ་ཡིས་ཨར་མེ་ཉི་ཡའི་རྒྱལ་སྲུང་པུའུ་ཀྲང་ཐུའོ་ནུའོ་དབྱང་དང་ཨ་ཟེར་བྷེ་ཇན་གྱི་རྒྱལ་སྲུང་པུའུ་ཀྲང་ཅ་སང་ནུའོ་ཕུའུ་དང་ཁ་པར་གྱི་ལམ་ནས་ནཱ་ཁཱ་ས་ཁུལ་གྱི་གནས་་བབ་ལ་གྲོས་བསྡུར་བྱས།

ཚེས་བདུན་ཉིན་ཨུ་རུ་སུའི་རྒྱལ་སྲུང་པུའུ་ཡི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་གཞིགས་ན། ཧྲའོ་དབྱི་ཀུའུ་དང་རྒྱལ་སྲུང་པུའུ་ཀྲང་གཉིས་ཀྱིས་ཁ་པར་གྱི་ལམ་ནས་གཙོ་བོ་མིག་སྔའི་ནཱ་ཁཱ་ས་ཁུལ་གྱི་གནས་བབ་ལ་གྲོས་བསྡུར་བྱས་པ་དང་། སྤྱི་བསྒྲགས་ཁྲོད་ཁ་པར་བཏང་བའི་ནང་དོན་ཞིབ་ཕྲ་ཁྱབ་བསྒྲགས་བྱས་མེད།

ཟླ་དགུ་བའི་ཚེས་ཉེར་བདུན་ཉིན། ཨ་ཟེར་བྷེ་ཇན་དང་ཨར་མེ་ཉི་ཡ་གཉིས་ནཱ་ཁཱ་ས་ཁུལ་དུ་གདོང་གཏུག་གསར་པ་བྱུང་། ཕྱོགས་གཉིས་ཀས་ཕན་ཚུན་དམག་མཚམས་འཇོག་རྒྱུའི་གྲོས་མཐུན་ལ་རྒྱབ་འགལ་བྱས་ཏེ། སྔོན་ལ་དམག་དོན་ཕར་རྒོལ་བྱས་ཡོད་ཅེས་སྐྱོན་འཛུགས་བྱས་པར་བརྟེན། ཉིན་ཤས་རིང་བསྟུད་མར་མི་སེར་ཚུད་པའི་མི་སྣ་མང་པོར་ཤི་རྨས་བྱུང་།

ནཱ་ཁཱ་ས་ཁུལ་ནི་ཨ་ཟེར་བྷེ་ཇན་གྱི་ལྷོ་ནུབ་རྒྱུད་དུ་གནས་པ་དང་གྲོང་མི་མང་ཆེ་བ་ནི་ཨར་མེ་ཉི་ཡ་བ་ཡིན། སུའུ་ལེན་ཐོར་ཞིག་ཏུ་སོང་རྗེས། ཨ་ཟེར་བྷེ་ཇན་དང་ཨར་མེ་ཉི་ཡའི་བར་ནཱ་ཁཱ་ས་ཁུལ་སུ་ལ་གཏོགས་མིན་ཐད་ནས་དམག་འཁྲུག་ལངས། གཅིག་དགུ་གོ་བཞི་ལོར། རྒྱལ་ཁབ་དེ་གཉིས་ཀྱིས་ཨུ་རུ་སུ་སོགས་རྒྱལ་སྤྱིའི་འདུམ་འགྲིག་འོག་ཕྱོགས་ཡོངས་ནས་དམག་མཚམས་འཇོག་རྒྱུའི་ཐད་གྲོས་མཐུན་བཞག་ཡོད་མོད། འོན་ཀྱང་རྒྱལ་ཁབ་གཉིས་པོ་ནཱ་ཁཱ་ས་ཁུལ་གྱི་འགལ་བའི་དབང་གིས་ཕན་ཚུན་དགྲ་རུ་ལངས་ཡོད། ཕྱོགས་གཉིས་ཀའི་བར་དུ་ལན་རེར་གདོང་གཏུག་དྲག་པོ་འབྱུང་གིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།