ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཅ་ཧྲ་ས་ཁུལ་གྱི་ཧ་མ་སིའི་དམག་དོན་དམིགས་འབེན་ལ་འབར་མདེལ་འཕངས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-10-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་ལྔ་ཉིན་གྱི་དགོང་མོ། དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ་ཅ་ཧྲ་ས་ཁུལ་དུ་གནས་པའི་དམག་དོན་དམིགས་འབེན་ལ་འབར་མདེལ་འཕངས།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཉིན་དེར་མེ་ཤུགས་འཕུར་མདའ་ཞིག་ཅ་ཧྲ་ས་ཁུལ་ནས་དབྱི་སི་རལ་གྱི་མངའ་ཁོངས་སུ་འཕེན་གཏོང་བྱས།དོན་དེར་རྒོལ་ལན་སྤྲོད་ཆེད།  དབྱི་སི་རལ་གྱི་དམག་འཐབ་གནམ་གྲུས་ཅཱ་ཧྲ་ས་ཁུལ་གྱི་ལྷོ་ཕྱོགས་ཀྱི་ཧ་མ་སི་དམག་དོན་སོ་ལྟ་ཁང་ལ་འབར་མདེལ་འཕངས་ཟེར།

མིག་སྔའི་བར་དུ། རྩ་འཛུགས་དང་མི་སྒེར་གང་གིས་ཀྱང་མེ་ཤུགས་འཕུར་མདའི་འཇབ་རྒོལ་གྱི་དོན་རྐྱེན་བཟོས་ཡོད་ཅེས་ཁྱབ་བསྒྲགས་བྱས་མེད། དབྱི་སི་རལ་གྱི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ད་ཐེངས་ཀྱི་མེ་ཤུགས་འཕུར་མདའི་འཇབ་རྒོལ་གྱིས་དབྱི་སི་རལ་ཕྱོགས་ཀྱི་མི་སྣར་ཤི་རྨས་བཟོས་མེད།

དབྱི་སི་རལ་གྱི་རྒྱལ་སྲུང་དམག་གིས་གསལ་བསྒྲགས་གཞན་ཞིག་གི་ནང་བཤད་རྒྱུར། ཚེས་ལྔ་ཉིན་གྱི་དགོང་མོ། ཕ་ལེ་སི་ཐན་གྱི་སྐྱེས་པ་གསུམ་གྱིས་ཅོར་ཏན་གཙང་པོའི་ནུབ་ངོགས་གྱི་གྲོང་ཁྱེར་ཅེ་ཉིང་ཉེ་འགྲམ་ནས། དབྱི་སི་རལ་གྱི་སོ་ལྟ་ཁང་དུ་སྲེག་དམ་འཕེན་པ་མཐོང་བས། དབྱི་སི་རལ་གྱི་དམག་མིས་མེ་མདའ་བརྒྱབ་ནས་ཕ་ལེ་སི་ཐན་གྱི་མི་གཅིག་བསད་པ་དང་། ད་དུང་མི་གཞན་གཉིས་ལ་འཚོལ་ཞིབ་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།