ཀྲུང་གོ་བོད་ཀྱི་དྲ་བ།

ཁོ་ལོམ་པི་ཡ་རྒྱལ་ཁབ་ཏུ་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བདུན་དང་བདུན་བརྒྱ་ཉེར་གཅིག་འཕར་སྣོན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ9ཚེས26ཉིན་ཁོ་ལོམ་པི་ཡའི་རྒྱལ་ཁབ་འཕྲོད་བསྟེན་ཞིབ་འཇུག་ཁང་གིས་ཁྱབ་བསྒྲགས་བྱས་པའི་རིམས་ནད་བྱུང་བའི་གཞི་གསར་པ་ལས་མངོན་པ་ལྟར་ན།  རྒྱལ་ཁབ་དེར་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་སྟོང་བདུན་དང་བདུན་བརྒྱ་ཉེར་གཅིག་འཕར་སྣོན་བྱུང་བ་དང་།    བསྡོམས་པས་ནད་པ་འབུམ་བརྒྱད་ལྷག་ལ་སླེབས་ཤིང་། རྐྱེན་ལམ་དུ་ཤོར་བའི་ནད་པ་བརྒྱ་དང་གོ་གསུམ་འཕར་སྣོན་བྱུང་བ་དང་།  བསྡོམས་པས་ནད་པ་ཁྲི་གཉིས་དང་སྟོང་ལྔ་ཉིས་བརྒྱ་གོ་དྲུག་རྐྱེན་ལམ་དུ་ཤོར།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཉིན་དེར་ཁྱབ་བསྒྲགས་བྱས་པའི་བསྡོམས་རྩིས་གཞི་གྲངས་ལས་མངོན་པ་ལྟར་ན། ཁོ་ལོམ་པི་ཡ་རུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པའི་གྲངས་ཀ་ཡིས་འཛམ་གླིང་ཡོངས་ཀྱི་ཨང་ལྔ་བ་ཟིན་ཡོད།

ཁོ་ལོམ་པི་ཡའི་རྒྱལ་ཁབ་འཕྲོད་བསྟེན་ཞིབ་འཇུག་ཁང་གི་གཞི་གྲངས་ལས་ད་དུང་མངོན་པ་ལྟར་ན།  རྒྱལ་ས་པོ་ཀོ་ཏ་རུ་བསྡོམས་པས་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་བའི་ནད་པ་འབུམ་གཉིས་དང་ཁྲི་དྲུག་སྟོང་གཉིས་དང་དགུ་བརྒྱ་ང་ལྔ་ལ་སླེབས་པ་དང་།  དེས་རྒྱལ་ཡོངས་ཀྱི་པྲོག་གསར་གློ་ཚད་རིམས་ནད་ལ་ངོས་བཟུང་པའི་ནད་པའི་སྤྱི་གྲངས་ཀྱི་སུམ་ཆའི་གཅིག་ཟིན་ཡོད།

ཚེས་26ཉིན་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁི་དཔལ་འབྱོར་བསྐྱར་དར་ཉིན་མོའི བྱ་འགུལ་ལ་ཞུགས་སྐབས། རིམས་ནད་སྔར་བཞིན་རྒྱུན་མཐུད་སྒོས་རྒྱ་ཡན་དུ་འགྲོ་བཞིན་པས་མང་ཚོགས་རྣམས་ཀྱིས་སྣང་མེད་དུ་འཇོག་མི་རུང་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།