ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁས་ཝེ་ནེ་ཙུའེ་ལས་མཱ་ཏུའུ་ལུའོ་ལ་རྒྱབ་སྐྱོར་བྱེད་པའི་ངོ་རྒོལ་ཏང་མིར་བཀག་སྡོམ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས22ཉིན། ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡིས་ཝེ་ནེ་ཙུའེ་ལའི་གྲོས་མི་ལྔ་ལ་བཀག་སྡོམ་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་རྒྱུ་མཚན་ནི། ཁོ་ཚོས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་ཉི་ཀུའུ་ལ་སི·མ་ཏུའུ་ལུའོ་དང་དེ་བཞིན་བཀོད་འདོམས་བྱེད་མཁན་གྱིས་ཟླ་བཅུ་གཉིས་པར་འཚོག་རྒྱུ་ཡིན་པའི་ཝེ་ནེ་ཙུའེ་ལའི་གྲོས་ཚོགས་འདེམས་བསྐོ་ལ་རྒྱབ་སྐྱོར་བྱས་པའི་རྐྱེན་གྱིས་རེད།

བཀག་སྡོམ་བཀའ་རྒྱས་གོང་གསལ་གྱི་མི་ལྔ་བོ་དེ“ཝེ་ནེ་ཙུའེ་ལའི་ངོ་རྒོལ་ཏང་གི་ཁ་ལོ་སྒྱུར་དབང་དེ་མ་ཏུའུ་ལུའོ་སྲིད་དབང་གི་ཆབ་སྲིད་མི་སྣའི་ལག་ཏུ་བཟུང་ཡོད་པར་ངོས་འཛིན་བྱས་པར་མ་ཟད། མཱ་ཏུའུ་ལུའོ་སྲིད་གཞུང་ལ་གྲོས་ཚོགས་ཀྱི་འདེམ་བསྐོ་ཁ་ལོ་བསྒྱུར་བའི་རོགས་རམ་བྱས་པར་ངོས་འཛིན་བྱེད་ཀྱིན་ཡོད།

ཨ་མེ་རི་ཁའི་ནོར་སྲིད་པུའུ་ཡི་པུའུ་ཀྲང་ཧྲི་ཏི་ཝུན·མུའུ་ནུའུ་ཆིན་གྱིས་གསལ་བསྒྲགས་ནང་བཤད་རྒྱུར། ཨ་མེ་རི་ཁས་སྔར་བཞིན་འབད་བརྩོན་བྱེད་ཀྱི་ཡོད་ཅིང་། ཝེ་ནེ་ཙུའེ་ལའི་མི་དམངས་ལ་ཁོང་ཚོས་ལོངས་སུ་སྤྱོད་འོས་པའི་རང་མོས་གཞུང་དྲང་གི་འདེམས་བསྐོ་ཐོབ་རྒྱུར་འགན་ལེན་བྱེད་དགོས་ཟེར།

བཀག་སྡོམ་བྱ་ཡུལ་གསར་པ་དེའི་ནང་ཝེ་ནེ་ཙུའེ་ལའི་ངོ་རྒོལ་ཏང་གི་འགོ་ཁྲིད་པ་སྨི་ཀེའར·པོ་ནེན་ཐེ་དང་ཅི་ལེའར་མོ·ལུའུ་སའེ་སི། པེར་ན་ཝེ·ཀུའུ་ཐེ་ལུའེ་སི། ཚའེ་མུའུ·པུའུ་ཁྲ་ལན་བཅས་ཚུད་ཡོད། དེ་བཞིན་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་ཝེ་ནེ་ཙུའེ་ལའི་གཡོན་ལྷུང་རྩ་འཛུགས་ཐུའུ་ཕ་མ་ལུའུ་ལས་འགུལ་གྱི་འགོ་ཁྲིད་པ་ཝེ་ལེན་མུའུ་སི·པེ་ན་ཝེ་ཏེ་སི་ཡང་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།