ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཉོ་ཚོང་པུའུ་ཡི་པུའུ་ཀྲང་གིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་བཅོས་བསྒྱུར་སྤེལ་བར་རྒྱབ་སྐྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2020-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཉོ་ཚང་དང་དངུལ་གཏོང་པུའུ་ཡི་པུའུ་ཀྲང་གིས་ཚེས་ཉེར་གཉིས་ཉིན་བརྙན་རིས་གྲོས་ཚོགས་བསྡུས་ནས། མུ་མཐུད་དུ་པྲོག་དབྱིབས་ནད་དུག་གསར་བའི་གློ་ཚད་རིམས་ནད་ཀྱི་གནོད་པ་ཇེ་ཆུང་དུ་གཏོང་བའི་ཕྱོགས་ནས་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱལ་སྤྱིའི་ཉོ་ཚོང་དང་དངུལ་གཏོང་སླར་གསོ་ལ་སྐུལ་འདེད་གཏོང་བ་མ་ཟད། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་བཅོས་བསྒྱུར་སྤེལ་བར་རྒྱབ་སྐྱོར་བྱེད་རྒྱུའི་ཁས་བླངས།

ཉིན་དེའི་གྲོས་ཚོགས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་རེས་སྐོར་ཀྲུའུ་ཞི་རྒྱལ་ཁབ་སོ་ཐི་ཨ་རབ་རྒྱལ་ཁབ་ཀྱིས་འགོ་མཛིན་བྱས་པ་མ་ཟད། འཛམ་གླིང་ཉོ་ཚོང་རྩ་འཛུགས་སྐོར་གྱི་མ་འོངས་པའི་ལིས་ཡཱ་ཏིའི་གྲོས་གཞི་སོགས་ཀྱི་གྲུབ་འབྲས་ཡིག་ཆར་གྲོས་འཆམ་བྱུང་། ཚོགས་ཐོག་ནས་སྤེལ་བའི་སྤྱི་སྒྲོག་ནང་བཤད་རྒྱུར། ལིས་ཡཱ་ཏིའི་གྲོས་གཞི་ཡིས་ཕྱོགས་མང་ཉོ་ཚོང་སྒྲིག་གཞིའི་དམིགས་འབེན་དང་གཞི་རྩའི་རྩ་དོན་ལ་གྲོས་སྡུར་བྱེད་པའི་ཐད་གོ་སྐབས་འདོན་སྤྲོད་བྱས། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་ཡི་ཕན་འབྲས་རང་བཞིན་དེ་ཁོངས་གཏོགས་རྒྱལ་ཁབ་ཡོངས་ཀྱིས་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྒྲིག་ལམ་ལག་བསྟར་བྱེད་པ་དང་འབྲེལ་བ་ཡོད་ལ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་མུ་མཐུད་དུ་འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པའི་བར་དུ་འཛུགས་སྐྲུན་རང་བཞིན་མཉམ་ལས་སྤེལ་བར་འབད་འཐབ་བྱས་ནས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ལ་དགོས་ངེས་ཀྱི་བཅོས་བསྒྱུར་སྤེལ་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།